༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཡོད་པའི་ཏེ་ཛུ་དར་རྒྱས་གླིང་དང་། མེའོ་ཆོས་འཕེལ་གླིང་། ཀྲུ་ཀྲིང་། བསྟན་འཛིན་སྒང་། འབུམ་སྡེ་ལ། རྟ་དབང་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཁག་ལེགས་པར་གྲུབ་སྟེ་གུ་ཝཱ་ཧཱ་ཊི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཤིས་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ལགས། ས་གནས་རང་བདེན་ཚོགས་ཚུང་གི་ཚོགས་གཙོ་བསོད་ནམས་ལགས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་ཡོད།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གུ་ཝཱ་ཧཱ་ཊི་ས་གནས་སུ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་ལྷན་མཇལ་མོལ་གནང་སྟེ་ཤིས་ལོངས་ས་གནས་སུ་ཕེབས་འབྱོར་སྐབས་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་དང་། གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་ཡང་ཤིས་ལོངས་ས་གནས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གོ་ལོ་རི་པ་ལ་ཛ་ (Glory Plaza) དང་། ཊི་བེཊ་མར་ཀེཊ་ (Tibet Market) ཞེས་པའི་བོད་པའི་ཁྲོམ་ས་ཁག་ལ་གཟིགས་སྐོར་གནས་རྗེས་མེ་གྷ་ལ་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨམ་པྲིན་ (Dr Ampreen Lyngdoh) ལགས་དང་། ཤིས་ལོངས་དུས་བབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་པཱ་ཏྲི་ཤི་ཡ་མུ་ཁིམ་ (Patricia Mukhim) ལགས། རྫོང་དཔོན་གཞོན་པ་ཨི་ས་ཝན་ཌ་ལ་ལོ་ (Isawanda Laloo) ལགས། སིལ་ཝེས་ཌར་ (Sylvester Nongtnger) ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། ས་འཐུས་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ཡན་ལག་སྨན་རྩིས་ཁང་། ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་འཚམས་གཟིགས་གནང་ཡོད།ཕྱི་ཚེས་ ༡༣ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མེ་གྷ་ལ་ཡ་མངའ་སྡེ་གཞུང་གི་སྤྱི་ཁྱབ་དྲུང་ཆེ་ (Donald Phillips Wahlang) ལགས་དང་ལྷན་ཁོང་གི་གཟིམ་ཤག་ཏུ་མཇལ་འཕྲད་གནང་རྗེས་ཤིས་ལོངས་ཁུལ་གྱི་བོད་མི་རྣམས་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ་དང་། བྷ་རཏ་ཏི་བྦཏ་སཱ་མནྭཡ་སཾགྷ་ (Bharat Tibbat Samanvaya Sangh) ཞེས་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཨིསྚར་ཁར་བྷོ་མོན་ (Easter Kharbomon) ལགས་དང་ཝི་ཀཱས་གྷུབ་ཏཱ་ (Vikas Gupta) ལགས་རྣམ་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ལྷན་མཇལ་འཕྲད་ཞུས་ཡོད།དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཤིས་ལོངས་སཾ་བྷོ་ཊ་ཉིན་སློབ་ཏུ་འཚམས་གཟིགས་གནང་གྲུབ་མཚམས་མེ་གྷ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཀོན་རཌ་ཀེ་སངྒ་མ་ (Shri Conrad K Sangma) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།