
འཚམས་འཕྲིན་ནང་འཁོད་དོན། སྐུ་ཉིད་ནི་ཨོན་ཊེ་རིའོ་མངའ་སྡེ འི་གྲོས་ཚོགས་ནང་མང་ཚོགས་འཕྲོད་ བསྟེན་དང་། སྡོད་ཁང་། ཕྲུ་གུ་བལྟ་སྐྱོང་སོགས་དང་འབྲེ ལ་བའི་གནད་དོན་ཐོག་གླེང་སློང་ཤུ གས་ཆེ་གནང་མཁན་ཞིག་ཆགས་ཀྱི་ཡོད། སྐུ་ཉིད་ཁེ་ན་ཌའི་ཨོན་ཊེ་རིའོ་ (Ontario) མངའ་སྡེའི་སྐབས་ ༤༣ པའི་གྲོས་ཚོགས་ཀྱི་ཚོགས་གཞོན་དུ ་བདམས་ཐོན་བྱུང་བ་དེས། ཕྱག་སྦྲེལ་མངའ་སྡེའི་གྲོས་ཚོགས་ འཐུས་མི་རྣམ་པ་དང་། ས་གནས་མི་མང་ནས་སྐུ་ཉིད་ཀྱི་དབུ ་ཁྲིད་དང་ལས་དོན་གནང་ཕྱོགས་ལ་ཡི ད་ཆེས་ཆེན་པོ་གནང་གི་ཡོད་པ་མཚོ ན་ཐུབ། དེ་བཞིན་སྐུ་ཉིད་ནས་མངའ་སྡེའི་ གྲོས་ཚོགས་ནང་ལོ་རྒྱུས་རང་བཞིན་ ལྡན་པའི་ཁྲིམས་འཆར། ༡༣༡། ལོ་ལྟར་ཕྱི་ཟླ་བདུན་པ་ནི། བོད་ཀྱི་རིག་གཞུང་གཅེས་སྐྱོང་ཟླ ་བ་ (Tibetan Heritage month) ལ་སྲུང་བརྩི་བྱ་རྒྱུའི་ཁྲིམས་ འཆར་གྲོས་ཚོགས་སུ་བསྣམས་ཏེ། གྲོས་ཚོགས་ནས་སྤྱི་མོས་ཀྱིས་ཁྲི མས་སུ་གཏན་འབེབས་གནང་ཐུབ་པ་བྱུ ང་ཡོད། སྐུ་ཉིད་ཀྱི་གཟེངས་སུ་ཐོན་པའི་ མཛད་རྗེས་དག་ལ་བསྔགས་བརྗོད་ཞུ་ རྒྱུ་དང་། མ་འོངས་པར་ཡང་སྔར་བཞིན་གཟེངས་སུ ་ཐོན་པའི་ཕྱག་ལས་གནང་ཐུབ་པའི་ཡི ད་ཆེས་བརྟན་པོ་ཡོད།
སྐུ་ཉིད་ཀྱི་མ་འོངས་པའི་ལས་དོན་ མཐའ་དག་ལམ་ལྷོངས་ལྡན་པ་ཡོང་བའི་ སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོ ད་འདུག་པ་བཅས། །