༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༠༡ ཉིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་སྤུ་ར་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གྱི་ལས་ཁུར་དབུ་འཛུགས་ཞུས་ཡོད།
དེ་ཡང་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གི་ས་གནས་འགོ་འཛིན་སྒྲོལ་མ་ཚེ་རིང་ལགས་ཀྱིས་སྤྲོད་དཔང་གནང་སྟེ་ལས་འཁྱུར་ས་གནས་འགོ་འཛིན་བསྟན་འཛིན་ལེགས་བཤད་ལགས་དང་གསར་བསྐོས་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་བར་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་པ་དང་། དེ་རྗེས་ལས་འཁྱུར་ས་གནས་འགོ་འཛིན་བསྟན་འཛིན་ལེགས་བཤད་ལགས་དང་ས་གནས་འགོ་འཛིན་གསར་པ་དགེ་ལེགས་འཇམ་དབྱངས་ལགས་གཉིས་ནས་མི་མང་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་བཅས།།