༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ཆེད་དམིགས་བཀར་ལས་བྱེད་ལས་ཁུངས་དོ་དམ་པའི་ས་མིག་གསུམ་དང་། བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁུངས་ཆེད་ལས་དྲུང་ས་མིག་གཅིག་བཅས་ཀྱི་ཐོག་ལས་བྱེད་གསར་འདེམས་ཁ་སྐོང་ཞུ་རྒྱུར། འོས་ཆོས་ཚང་ཞིང་སྲི་ཞུའི་ལས་བྱེད་དུ་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ཕྱི་དྲོ་ཕྱག་ཚོད་ ༥ འགྱངས་མེད་དྲྭ་ཐོག་འཚང་སྙན་འབུལ་གནང་དགོས་རྒྱུ། བལ་ཡུལ་རྩིས་ཞིབ་ཡན་ལག་གི་ལས་དྲུང་ས་མིག་དེ་བཞིན་བལ་ཡུལ་གནས་སྡོད་བོད་མི་ཁོ་ནའི་ཆེད་དུ་ཡིན་པས་འཚང་རྒྱུགས་ནང་མཉམ་བཞུགས་གནང་མཁན་རྣམས་བལ་ཡུལ་ཁུལ་དུ་གནས་སྡོད་བྱ་མཁན་ངེས་པར་ཡིན་དགོས།
སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ཆེད་ལས་དོའི་ས་མིག་ ༣ དང་བལ་ཡུལ་རྩིས་ཞིབ་ཡན་ལག་གི་ལས་དྲུང་ས་མིག་ ༡ འདེམས་སྒྲུག་ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡) ཤེས་ཚད། ཚད་ལྡན་མཐོ་སློབ་ཞིག་ནས་རྩིས་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ (B.Com) ཐོན་པའམ། ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ངེས་པར་དགོས།
༢) ལོ་ཚད། ༢༠༢༢།༡༡།༡༦ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ༤༠ ལས་མ་བརྒལ་བ་དགོས།
༣) རྒྱུགས་གཞི། བོད་ཡིག་དང་། ཨིན་ཡིག རྩིས་རིག་བཅས་སློབ་ཚན་གསུམ་ཐོག་འབྲི་རྒྱུགས་དང་། བོད་སྐད་དང་། ཨིན་སྐད་གཉིས་ཐོག་ངག་རྒྱུགས་ལེན་རྒྱུ།
༤༽ འདེམས་རྒྱུགས་འཕྲོད་པར་རྩིས་རིག་སློབ་ཚན་དེར་བརྒྱ་ཆ་ ༧༠% དང་། བོད་ཨིན་སློབ་ཚན་སོ་ སོར་བརྒྱ་ཆ་ ༣༣% རེ་བཅས་ལོན་དགོས་པ་ཡིན།
༥༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་མཐའ་མའི་ངོ་བཤུས།
༦༽ ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་ (Birth Certificate) གྱི་ངོ་བཤུས།
༧༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ (Medical Certificate) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
༨༽ འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate) ངོ་མ།
འཚང་སྙན་འབུལ་མཁན་རྣམས་ནས་གཤམ་གསལ་དྲྭ་མཐུད་ནང་ཡོད་འཚང་སྙན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༦ ནང་ཚུན་དྲྭ་ཐོག་འབུལ་ལམ་ཞུ་དགོས། དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། དུས་ཐོག་འགེངས་ཤོག་འབྱོར་བ་ཆ་ཚང་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ཚང་བ་ཚོར་ཡིག་རྒྱུགས་གཏོང་སླད་སྐབས་མཚམས་འབོད་བརྡ་གཏང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༢ ཟླ་ ༡༠ ཚེས་ ༢༧ ལ།།
https://docs.google.com/forms/d/1fdrNFao9cG2_VeOThFPu_X7uAPPnLHaVkd4iGxucqL4/edit
https://docs.google.com/forms/d/1ZVCODHRNGVocGkTgo4_DWYFY8JcAjSO5dAPzQPvnwx0/edit
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]