༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༠༤ ཉིན་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་ཆགས་པའི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་སྐུ་མགྲོན་གཙོ་བོར་ཕེབས་གནང་ཡོད།
སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་བསླབ་པ་མཐར་སོན་ལ་ཉེ་བའི་སློབ་གཉེར་བ་རྣམས་ལ་འཚམས་འདྲི་མཚོན་ཆེད་དཀར་གཙང་མཇལ་དར་རེ་དང་། བོད་ཕྲུག་ཁྱིམ་སྡེའི་སྒྲིག་ཁོངས་སུ་ཞབས་ལོ་ ༢༠ ལྷག་ཞབས་ཞུ་སྒྲུབ་མཁན་མཐོ་སློབ་ཀྱི་ལས་བྱེད་རྒན་པ་གཉིས་ལ་གཟེངས་བསྟོད་ཕྱག་འཁྱེར་གནང་ཡོད།
མཛད་སྒོའི་ཐོག་གཞན་ཡང་དམིགས་བསལ་སྐུ་མགྲོན་དུ་བྷེང་ལོར་གཙུག་ལག་སློབ་གཉེར་ཁང་གི་སྐུ་ཞབས་ཤྲི་བྷ་ས་ཝན་ན་ལགས་དང་། མཐོ་སློབ་ཀྱི་སློབ་སྤྱི་གཙོས་པའི་དགེ་ལས་སློབ་ཕྲུག་རྣམས་མཉམ་ཞུགས་གནང་ཡོད་པ་བཅས།།