༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལ་དྭགས་བསོད་ནམས་གླིང་བྱང་ཐང་ས་ཁག་བརྒྱད་དུ་ས་གནས་ཁྲིམས་ཞིབ་པ་པདྨ་བཟང་པོ་ལགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡ ཉིན་འགོ་འཛུགས་ཀྱིས་ལ་བྱང་ས་སྨད་མི་མང་དང་། སུམ་མདོའི་སྤྱི་ཁང་ནང་ཅུ་མུར་དང་སུམ་མདོ་མི་མང་། ཚེས་ ༢ ཉིན་ཧན་ལེའི་སྤྱི་ཁང་ནང་ཧན་ལེ་དང་མ་ཁྱུ་མི་མང་། ཚེས་ ༣ ཉིན་རྒོད་ཡུལ་གྱི་སྤྱི་ཁང་ནང་རྒོད་ཡུལ་མི་མང་། བཀག་གཞུང་གི་སྤྱི་ཁང་ནང་བཀག་གཞུང་གི་མི་མང་། ཚེས་ ༤ ཉིན་ཉོ་མའི་སྤྱི་ཁང་ནང་ཉོ་མའི་མི་མང་། ལ་བྱང་ཆུ་ཤུལ་འདུ་སྡོད་བོད་མི་མང་ཆེ་བ་གླེ་ཁུལ་དུ་གནས་སྡོད་བྱ་བཞིན་ཡོད་པར་བརྟེན་ཚེས་ ༡༡ ཉིན་བརྒྱ་ཤོག་བཅུ་གཅིག་གི་སྤྱི་ཁང་ནང་ཆུ་ཤུལ་མི་མང་བཅས་ཁྱོན་བསྡོམས་མང་ཚོགས་གྲངས་ ༢༢༠ ལྷག་ལ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།སྐབས་དེར་མང་ཚོགས་རྣམས་ལ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། ཁྲིམས་ཞིབ་ཁང་གི་བྱུང་རིམ་དང་ངོ་བོ། འགན་དབང་། གྲུབ་ཆ། སྒྲོམ་གཞི། སྤྱི་མང་གཏུག་བཤེར་ཁྲིམས་ཡིག་ནང་གསལ་གྱི་ཁྲིམས་ཁོངས་ཁྱབ་ཚད་དང་། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། གྱོད་ཡ། ཁ་མཆུ་ཞུ་གཏུག་གི་ཞུ་སྙན་དང་བརྡ་སྦྱོར། ཐོག་མའི་ཉན་ཞིབ། ཞིབ་གཅོད། བཅད་ཁྲ། གོང་ཞུ། བསྐྱར་བཅོས། བཟོ་བཅོས། དོགས་གཅོད། གཏན་འཇགས་དང་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གྱི་ས་ཁོངས་ཁྱབ་ཚད། དེ་འབྲེལ་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་ནང་གསལ་གྱི་ཐ་སྙད་ཁག་གི་གོ་དོན་བཅས་ཀྱི་གོ་རྟོགས་སྤེལ་འདུག་པ་བཅས། །
གསར་གནས།
འབྲེལ་གནས།