༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༣༠ ཉིན་རྒྱ་གར་གྱི་གུཇ་རཱཏ་མངའ་སྡེའི་མོར་བྷི་གྲོང་ཁྱེར་དུ་ཟམ་ཆེན་ཞིག་ཆག་པའི་རྐྱེན་ངན་འོག་མི་མང་བརྒྱ་ལྷག་རྐྱེན་ལམ་དུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ཕྱི་ཚེས་ ༣༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་བྷུ་པེནྡྲརཇ་ནཱི་ཀཱནྟ་པ་ཊེལ་(Bhupendra Rajnikant Patel) མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་མགོན་པོ་མཆོག་གིས་རྐྱེན་ངན་གོད་ཆག་དེ་ལ་བརྟེན་ནས་རྐྱེན་འདས་སུ་ཕྱིན་པ་རྣམས་ལ་ཐུགས་སྨོན་དང་། ཁོ་ཅག་གི་ལྟོས་བཅས་ནང་མི་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་གནང་འདུག
དེ་བཞིན་ལྷོ་ཀོ་རི་ཡའི་ནང་རྐྱེན་ངན་གོད་ཆག་བྱུང་བར་མགོན་པོ་གང་ཉིད་མཆོག་གིས་ང་ཚོ་ཚང་མར་རྐྱེན་ངན་བར་ཆད་བྱུང་བ་ལྟ་བུར་གྱུར་སོང་། འབྱུང་འགྱུར་དེ་ལྟ་བུའི་གོད་ཆག་མི་ཡོང་བའི་ཆེད་འབད་རྩོལ་ཆེར་བསྐྱེད་གནང་བའི་རེ་བ་ཡོད། ཅེས་གསུངས་འདུག་པ་བཅས།།