༄༅། །འདི་གར་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་མི་མང་ཚོགས་ཁང་གསར་པའི་ནང་ས་གནས་ཚོང་ཁང་དང་ཟ་ཁང་ཚོགས་པའི་སྐྱིད་སྡུག་ཡོངས་ནས་༸རྒྱལ་བའི་སྐུ་ཕྱྭ་དང་། བོད་ཀྱི་བསྟན་སྲིད་བདེ་ཐབས། སྤྱི་མཐུན་བསོད་ནམས་གསོག་བསྐྱེད་དང་། ལྷག་པར་བོད་ནང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་དཀའ་སྡུག་ཆེན་པོ་མྱོང་བཞིན་པ་རྣམས་ཀྱི་ཆེད་མ་ཎི་ཡིག་དྲུག་དང་། སྒྲོལ་མའི་གཟུངས་སྔགས་བློ་རྩེ་གཅིག་སྒྲིམ་གྱིས་འབད་སྒྲུབ་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།