༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༠༧ ཉིན་རྒྱབ་ནས་ཚེས་ ༡༩ སྔ་དྲོ་བར་ཇར་མན་དང་སྦེལ་ཇམ་གཉིས་ནང་ (Friedrich Naumann Foundation) ཞེས་པའི་གོ་སྒྲིག་འོག་རྒྱལ་ཁབ་གཉིས་ཀྱི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་དང་ཚོགས་འདུ་གནང་རྒྱུ། བོད་དོན་རྒྱབ་སྐྱོར་ཚོགས་པ་དང་རོགས་ཚོགས་ཁག དེ་བཞིན་རང་རིགས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ། དེ་ནས་སུ་ཝེ་ཌན་གྱི་རྒྱལ་སར་གནད་ཡོད་མི་སྣར་མཇལ་འཕྲད་དང་། དེ་བཞིན་རང་རིགས་མང་ཚོགས་དང་ཐུག་འཕྲད་གནང་རྒྱུ་སོགས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།