༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་བསྟན་པ་ཡར་ འཕེལ་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ ལགས་རྣམ་གཉིས་རྒྱ་གར་བྱང་ཤར་ཁུ ལ་ལ་ས་བགོས་ཕྱོགས་བསྐྱོད་ཕེབས་ བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢ ཉིན་འབུམ་སྡེ་ལ་ནས་ཕེབས་ཐོན་ གནང་སྟེ། ཉིན་གུང་མོན་དཔལ་སྤུངས་བྱང་ཆུབ་ ཆོས་གླིང་དུ་འབྱོར་བ་དང་། སྐབས་དེར་ཆོས་རྗེ་བླ་མ་ཉི་མ་བཀྲ ་ཤིས་མཆོག་གིས་སྣེ་ལེན་གནང་།
ཉིན་རྒྱབ་མོན་དཔལ་སྤུངས་བྱང་ཆུ བ་ཆོས་གླིང་ལ་མཆོད་མཇལ་དང་། དེ་རྗེས་ས་གནས་རྟ་དབང་རྫོང་དཔོ ན་གཞོན་པའི་ལས་རོགས་སྐུ་ཞབས་པདྨ ་རྡོ་རྗེ་ (EAC- Extra Additional Commissioner Pema Dorjee) ལགས་མཇལ་འཕྲད་ཀྱིས་བོད་མིའི་སྒྲི ག་འཛུགས་ཀྱི་ངོ་སྤྲོད་སྙིང་བསྡུ ས་ཞུས་གནང་ཡོད། དགོང་དྲོ་མོན་དཔལ་སྤུངས་བྱང་ཆུ བ་ཆོས་གླིང་གི་སློབ་ཕྲུག་རྣམས་ ནས་བོད་ཀྱི་རིག་གཞུང་གཞས་སྣ་ཁག་ ཅིག་འཁྲབ་སྟོན་གནང་འདུག
ཕྱི་ཚེས་ ༣ ཉིན་མོན་དཔལ་སྤུངས་བྱང་ཆུབ་ཆོས་ གླིང་གི་མར་པ་ཆོས་ཀྱི་བློ་གྲོས་ སློབ་གྲྭར་གཟིགས་སྐོར་དང་། སློབ་ཕྲུག་བརྒྱ་ལྷག་འདུ་འཛོམས་ ཐོག་སྤྱི་འཐུས་རྣམ་པ་གཉིས་ནས་ གསུང་བཤད་གནང་རྗེས། རྟ་དབང་དུ་ཕེབས་ཐོན་གྱིས་ཉིན་གུ ང་ས་གནས་སུ་འབྱོར་རྗེས། ས་གནས་རང་བདེན་ཚོགས་གཙོ་དང་། ཚོགས་མི་རྣམ་པས་སྣེ་ལེན་གནང་། ཉིན་རྒྱབ་རྟ་དབང་རྣམ་རྒྱལ་ལྷ་རྩེ ་དགོན་དང་། སེར་བྱེས་འཇམ་དབྱངས་ཆོས་འཁོར་གླི ང་། ༸རྒྱལ་དབང་སྐུ་ཕྲེང་དྲུག་པའི་ཁྲུ ང་གནས་ལྷ་ཁང་བཅས་སུ་མཆོད་མཇལ་ཞུ ས་ཡོད།
ཕྱི་ཚེས་ ༤ ཉིན་མོན་དཔལ་སྤུངས་བྱང་ཆུབ་ཆོས་ གླིང་གི་མཁན་པོ་ཆོས་རྗེ་བླ་མ་ཉི ་མ་བཀྲ་ཤིས་མཆོག་བརྒྱུད་ནས་ཨ་རུ ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ ཆེན་པདྨ་མ་མཁའ་འགྲོ་མཆོག་དང་ མཇལ་འཕྲད་ཀྱིས་ད་བར་རྒྱ་གར་དབུ ས་གཞུང་དང་། དམིགས་བསལ་ཨ་རུ་ན་ཅལ་མངའ་སྡེའི་ གཞུང་ནས་བོད་མི་རྣམས་ལ་མཐུན་འགྱུ ར་རོགས་མགོན་ཡུན་རིང་གནང་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུས་ པ་དང་འབྲེལ། མ་འོངས་པར་ས་གནས་སུ་ཡོད་པའི་བོ ད་མི་ཚོར་གང་ཅིར་མཐུན་འགྱུར་སྐྱ བས་མཇུག་གནང་སྐྱོང་ཡོང་བའི་རེ་ སྐུལ་གསོལ་འདེབས་ཞུས་པར།
སྤྱི་ཁྱབ་བློན་ཆེན་མཆོག་ནས་བོད་ མིར་ཚོར་ང་ཚོས་གང་ཐུབ་རོགས་མགོ ན་གནང་བཞིན་ཡོད་ལ། མ་འོངས་པར་ཡང་གང་ཐུབ་རོགས་རམ་ གནང་རྒྱུའི་ཞལ་བཞེས་དང་། ད་བར་བཙན་བྱོལ་ནང་བོད་ཀྱི་དགོན་ སྡེ་ཁག་དང་། སློབ་གྲྭ་ཁག་ནང་ཨ་རུ་ན་ཅལ་མངའ་ སྡེའི་མི་མང་པོ་ཞིག་ལ་ཆོས་དང་། རིག་གཞུང་གི་སློབ་སྦྱོང་མཐུན་རྐྱེ ན་བཟང་པོ་ཞིག་གནང་བར་བརྟེན་ནས་ ད་ལྟའི་ཆར་མོན་ཡུལ་འདིར་ཧ་ཅང་ ཡག་པོ་བྱུང་ཡོད་པས་བོད་མིའི་སྒྲི ག་འཛུགས་ལ་ཐུགས་རྗེ་ཆེ་ཞེས་གསུ ངས་གནང་ཡོད་པ་མ་ཟད། ལོ་རྗེས་མར་ཨ་རུ་ན་ཅལ་མངའ་སྡེའི ་གཞུང་ནས་༸གོང་ས་མཆོག་མོན་ཡུལ་ ལ་གདན་འདྲེན་ཞུ་རྒྱུའི་གྲ་སྒྲི ག་ཡོད་སྐོར་ཡང་གསུངས་ཡོད་འདུག
ཕྱི་ཚེས་ ༥ ཉིན་རྟ་དབང་ས་གནས་བོད་མི་མང་ཚོ གས་དང་ལྷན་ཚོགས་འདུ་དང་། མི་མང་ལ་གསུང་བཤད། མང་ཚོགས་ཀྱི་དྲི་བར་ལན་འདེབས་ གསལ་བཤད་བཅས་གནང་ཡོད། ཕྱི་ཚེས་ ༦ ཞོགས་པ་རྟ་དབང་ནས་ཕེབས་ཐོན་གྱི ས་ཟི་ལ་ལ་ཁར་འབྱོར་བ་དང་། སྐབས་དེར་ཞྭ་སེར་བསྟན་པའི་མངའ་ བདག་དགའ་ལྡན་ཁྲི་རིན་པོ་ཆེ་བློ་ བཟང་བསྟན་འཛིན་མཆོག་མཇལ་ཁ་ཞུས། དེ་ནས་དྷི་རང་བརྒྱུད་དགོང་དྲོ་ འབུམ་སྡེ་ལར་ཕེབས་རྗེས། ཐེངས་འདིའི་ཨ་རུ་ན་ཅལ་མངའ་ཁོངས་ ཀྱི་བོད་མིའི་སྡོད་གནས་བསྟན་འཛི ན་སྒང་དང་། འབུམ་སྡེ་ལ། བྱང་། རྟ་དབང་བཅས་སུ་གཞུང་འབྲེལ་ཕྱོ གས་བསྐྱོད་ཀྱི་ལས་རིམ་ལེགས་གྲུ བ་བྱུང་ཡོད་པ་བཅས། །