༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོ ན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུ འི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལ གས་རྣམ་གཉིས་ནས་རྒྱ་གར་ལྷོ་ཕྱོ གས་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ སུ་རྟེན་གཞི་བྱས་པའི་དགོན་སྡེ་ དང་། སློབ་གྲྭ་ཁག་ལ་གཟིགས་སྐོར་དང་། ཚོགས་སྡེ་ཁག་དང་། མང་ཚོགས་ཐུག་འཕྲད་ཀྱིས་སྦེལ་ཀོ བ་ལུགས་བསམ་གཞིས་ཆགས་ཁུལ་གྱི་ ལས་རིམ་ཡོངས་སུ་ལེགས་གྲུབ་བྱུང་ སྟེ། དེ་རིང་སྦེལ་ཀོབ་ནས་མེངྒ་ལོར་ལ་ ཕེབས་ཐོན་གྱིས་ལས་རིམ་བསྐྱང་ འཆར་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།