༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོ་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པ་ ལོ་གཉིས་དང་ཕྱེད་སྔ་མའི་ནང་མང་ ཚོགས་ལ་ཆབ་སྲིད་སོགས་ཀྱི་ལམ་སྟོ ན་དང་། བདེ་སྡུག་གཟིགས་ཞིབ་སླད་ཕེབས་རྒྱུ འི་ལས་རིམ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ དང་། སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༥ ནས་འགོ་བཙུགས་ཏེ། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུ གས་བསམ་གཞིས་ཆགས་དང་ཁྱབ་ཁོངས་ས་ གནས་ཁག་ཅིག་ལ་ཞུང་འབྲེལ་ཕྱོགས་ བསྐྱོད་ཕེབས་བཞིན་ཡོད་པ་ལྟར། སྤྱི་འཐུས་རྣམ་པ་གཉིས་ནས་༧རྒྱལ་ བའི་ཕོ་བྲང་དང་། ༧སྐྱབས་རྗེ་སེར་སྨད་མཁན་རིན་པོ་ ཆེ་བཀྲ་ཤིས་ཚེ་རིང་མཆོག་ལ་མཇལ་ བཅར་ཞུས་རྗེས། རིམ་པས་སྦེལ་ཀོབ་ལུགས་བསམ་གཞིས་ ཆགས་སུ་ཡོད་པའི་སློབ་གྲྭ་དང་། ཚོགས་སྡེ་ཁག་ལ་ལས་རིམ་མུ་མཐུད་ བསྐྱངས་དང་སྐྱོང་བཞིན་ཡོད་པ་ བཅས། །
གསར་གནས།
འབྲེལ་གནས།