

ཕྱི་ཚེས་ ༢༧ ཉིན་གཞིས་དགོན་ནང་གི་ལྷ་སྐུ་རྟེ ན་གསུམ་དང་གཞན་ཡང་ཆོས་རྫས་རིགས་ ། ཉིན་རྒྱབ་ཚན་པ་སོ་སོའི་ཁྱབ་ཁོ ངས་ལས་བྱེད་རྣམ་པའི་བདག་ཉར་འོག་ ཡོད་པའི་ཡིག་སྣོད་དང་འཛིན་ཆས་རྣ མས་རྩིས་སྤྲོད་ལེན་གནང་ཡོད། དེ་བཞིན་གཞིས་ཆགས་ཀྱི་སྡོད་ཁང་ དང་། སློབ་གྲྭ། རྒན་གསོ་ཁང་། བུ་གསོ་ཁང་དང་བཟོ་གྲྭ་སོགས་ངོ་ སྤྲོད་གནང་ཡོད།
རྩོས་སྤྲོད་ལེན་གྱི་ཉིན་མཐའ་མ་ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་འགན་འཛིན་གསར་རྙིང་གཉིས་ དབར་ཞབས་སྟེགས་བརྗེ་ལེན་གནང་གྲུ བ་མཚམས་ཚོགས་ཁང་དུ་མང་ཚོགས་ལ་ ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤྲོད་དཔང་དང་ འགན་འཛིན་གསར་རྙིང་གཉིས་ནས་རྩི ས་ལེན་རྩིས་སྤྲོད་ཀྱི་གནས་སྟངས་ གསལ་བཤད་དང་ངོ་སྤྲོད་གནང་ཡོད་པ་ བཅས།།