༄༅། ། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༧ ཉིན་རྡ་སའི་ཉེ་འདབས་སུ་ཆགས་པའི་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༥༠ ཙམ་ལ་མཛད་སྒོའི་སྐུ་མགྲོན་གཙོ་དེ་ནས་རྒྱལ་གཅེས་པ་རྣམས་དང་། གོ་པལ་པུར་བོད་ཁྱིམ་སློབ་གྲྭའི་ངེས་སྟོན་པ་དང་པོ་ཚེ་འདས་དམ་པ་རྒན་ཕུན་ཚོགས་རྣམ་རྒྱལ་ལགས་དང་དགེ་ཆེ་ལས་རོགས་དབང་ཕྱུག་ཚེ་རིང་ལགས། གཞན་ཡང་གོ་པལ་པུར་ལས་སློབ་རྐྱེན་འདས་སུ་སོང་བ་བཅས་ལ་གདུང་སེམས་མཉམ་སྐྱེའི་གུས་འདུད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་མཚམས་གོ་པལ་པུར་བོད་ཁྱིམ་སློ
དེ་རིང་འདིར་ཁྱེད་རང་ཚོས་རུ་སྒྲིག་གནང་སྐབས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གནམ་ལ་འཕྱར་ཏེ་ཕེབས་ཡོང་སྐབས་ང་ཚོ་ཚང་མའི་སེམས་ནང་སྤྲོ་སྣང་དང་སྤོབས་པ་བྱུང་། ལྷག་པར་བོད་ཀྱི་རྩ་དོན་དང་བསྟན་སྲིད་སླད་ང་ཚོའི་སློབ་གྲྭ་ཁག་ནི་ཤེས་ཡོན་གྱི་རྨང་གཞི་གཙོ་བོ་ཆགས་ཀྱི་ཡོད་པ་ར་འཕྲོད་བྱུང་། བོད་ཁྱིམ་སློབ་གྲྭ་ཁག་ནི་བཙན་བྱོལ་བོད་མི་རྣམས་ལ་ཤེས་ཡོན་གཅིག་པུ་མ་ཡིན་པར། བོད་ཁྱིམ་སློབ་གྲྭ་ཁག་ནས་སློབ་མཐར་སོན་རྗེས་སྤྱི་ཚོགས་ནང་འགན་བཞེས་བཞིན་ཡོད་པ་མ་ཟད། རྒྱ་གར་གཞུང་མང་གཉིས་དང་ལྷན་འབྲེལ་ལམ་བཟང་དུ་ཡོང་བར་ཞབས་འདེགས་སྒྲུབ་མུས་ཡིན་པ་དང་། དེ་བཞིན་རྒྱ་གར་གཞུང་གི་མཐུན་འགྱུར་འོག་གསར་བཙུགས་གནང་བའི་བཙན་བྱོལ་བོད་མིའི་སློབ་གྲྭ་དེ་དག་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་མིན་ཐག་གཅོད་གནང་བའི་སྐབས་སུའང་རྒྱ་གར་གཞུང་གིས་གལ་ཏེ་སློབ་གྲྭ་ཁག་རྩིས་སྤྲད་པ་ཡིན་ན། བོད་མི་ཚོས་སློབ་གྲྭ་ཁག་འཛིན་སྐྱོང་བྱེད་པའི་ནུས་པ་འདུག་ཅེས་གསུངས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སློབ་གྲྭའི་བུའི་སྤྱི་ཁྱབ་རྒན་བདག་བསྟན་འཛིན་བཀྲ་ཤིས་ལགས་དང་ཆོས་སྐྱིད་ལགས་ཀྱིས་ཨིན་བོད་བཤེན་སྦྱར་ཐོག་རྩེད་འགྲན་ཐེངས་ ༢༢ ཁས་ལེན་དམ་བཅའ་ཕུལ།
དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གི