༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་པའི་ཟུང་དྲུང་བཀྲ་ཤིས་བདེ་སྐྱིད་ལགས་དང་། ཟུང་དྲུང་བསྟན་འཛིན་མཁྱེན་རབ་ལགས། རྩིས་དཔོན་བསྟན་འཛིན་ནམ་མཁའ་ལགས། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་བཀྲ་ཤིས་དབྱངས་འཛོམས་ལགས། ཁང་བཟོ་འཆར་འགོད་པ་ཨ་མཱར་དིབ་(Amardeep) ལགས་དང་རཇ་ནི་ཤ་ (Rajneesh) ལགས་བཅས་སྦིར་ཅོན་ཏ་ར་དང་། སྦིར་བོད་ཚོགས་ཁྱབ་ཁོངས་ས་གནས་སུ་རྒས་གསོ་ཁང་གི་ཁང་པའི་གནས་སྟངས་དང་། འཕྲོད་བསྟེན་སྨན་ཁང་གི་གནས་བབ་རྟོགས་ཞིབ་སླད་ཕེབས་ཡོད།སྐབས་དེར་སྦིར་བོད་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་དང་མཇལ་མོལ་གྱིས་བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཕྱོགས་ཐད་གྲོས་བསྡུར་ལྷུག་པོ་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།