༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༠ ཉིན་གྱི་ཕྱི་དྲོ་དཔལ་ལྡན་བོད་མི ་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་ མ་ཚེ་རིང་མཆོག་འབྲས་ལྗོངས་མངའ་ སྡེའི་གྲོས་ཚོགས་སུ་ཆེད་ཕེབས་ གནང་སྟེ། གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ ཞབས་ཨ་རུན་ཀུ་མར་ཨུབ་རེ་ཊི་ (Shri. Arun Kumar Upreti, Speaker of Sikkim Legislative Assembly) མཆོག་དང་ལྷན་མཇལ་འཕྲད་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོ ག་གིས་འབྲས་ལྗོངས་མངའ་སྡེའི་གྲོ ས་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་ཐོག ་མར་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི ་དྲན་རྟེན་ཕྱག་རྟགས་བཅས་ཕུལ་རྗེ ས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི ་གྲུབ་ཆ་སོགས་བཙན་བྱོལ་བོད་མིའི ་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱ་གར་གཙོས་པའི་ཨེ་ཤི་ཡའི་རྒྱལ ་ཁབ་ནང་མཐོ་སྒང་བོད་ཀྱི་ཁོར་ཡུག ་གི་གལ་གནད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟང ས་སོགས་ཀྱི་ཐོག་ངོ་སྤྲོད་སྙིང་བ སྡུས་ཞུས་པ་མ་ཟད། རྒྱ་གར་དབུས་སའི་གཞུང་མང་གཉིས་ ཀྱི་ངོས་ནས་ད་བར་བོད་དོན་ཐོག་མཐུ ན་འགྱུར་རྒྱབ་སྐྱོར་གང་ལེགས་གནང ་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས ། འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོར ་གནང་རྒྱུའི་རེ་སྐུལ་བཅས་ཞུས་གན ང་ཡོད་པ་དང་། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ག ཙོ་མཆོག་གིས་ད་རེས་དཔལ་ལྡན་ཚོགས ་གཞོན་མཆོག་དང་ལྷན་མཇལ་མོལ་གནང་ རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུ ང་ཞེས་དང་། དུས་རྒྱུན་ཁོང་ཉིད་བོད་པའི་མཛད་ སྒོ་ཁག་ལ་ཡང་ཡང་བཅར་གྱི་ཡོད་པའི ་སྐོར་སོགས་གསུངས་རྗེས། སྐུ་ཞབས་ཁོང་གིས་དཔལ་ལྡན་ཚོགས་ག ཞོན་མཆོག་མངའ་སྡེའི་གྲོས་ཚོགས་ཀྱི ་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲི ད་གནང་སོང་།