༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཞོན་སྒྲོལ་མ་ཚེ་རིང་མཆོག་ འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་ ས་འཐུས་ཟབ་སྦྱོང་གནང་རྒྱུའི་སླ ད་ཕེབས་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༨ ཉིན་གྱི་སྔ་དྲོ་འབྲས་ལྗོངས་མངའ་སྡེ འི་ཤེས་རིག་ལས་ཁུངས་སུ་དཔལ་ལྡན་ ཚོགས་གཞོན་མཆོག་གིས་ཤེས་རིག་བློ ན་ཆེན་ཀུན་དགའ་ཉི་མ་ལེབ་ཆ་ (Shri. Kunga Nima Lepcha) མཆོ ག་དང་ལྷན་མཇལ་འཕྲད་ཀྱིས་རྒྱ་གར་ གཞུང་དང་། ལྷག་པར་དུ་འབྲས་ལྗོངས་མངའ་སྡེའི ་གཞུང་ནས་བོད་དོན་ཐོག་ད་བར་རྒྱ བ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ ས་པ་དང་། འབྱུང་འགྱུར་མུ་མཐུད་རྒྱབ་སྐྱོ ར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ ས་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་དྲན་རྟེན་ཕྱག་རྟགས་དང་། བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་ ཕུལ་གནང་སོང་།
གཞན་ཡང་སྐབས་དེར་རྒྱ་གར་གྲོས་ཚོ གས་འཐུས་མི་ཟུར་པ་སྐུ་ཞབས་ཨོ་ཊི ་ལེབ་ཆ་ (Shri.O.T. Lepcha) མཆོ ག་དང་། མངའ་སྡེའི་བློན་ཆེན་ཟུར་ པ་བསོད་ནམས་རྡོ་རྗེ་བྷོ་ཊི་ཡ་ ( Shri. Sonam Dorjee Bhutia) མཆོ ག མངའ་སྡེའི་བློན་ཆེན་ཟུར་པ་ནོ ར་བཟང་ལེབ་ཆ་ (Shri. Norzang Lepcha) མཆོག མངའ་སྡེའི་བློན་ཆེན་ཟུར་པ་ཀུན་ དགའ་བཟང་པོ་ (Shri. Kunga Zangpo) མཆོག མངའ་སྡེའི་ བློན་ཆེན་ཟུར་པ་སྐུ་བས་རཱན་བྷ་ ཌིར་སུ་བྷ་ (Shri. Ran BdrSubba) མཆོག མངའ་སྡེའི་བློན་ཆེན་ཟུར་པ་ ཨར་ཇུན་ཀུ་མར་གྷ་ཊ་ནེ་ (Shri. Arjun Kumar Gataney) མཆོག མངའ་སྡེའི་བློན་ཆེན་ཟུར་པ་ནམ་ མཁའ་རྒྱལ་མཚན་ (Shri. Namkha Gyaltsen) མཆོག མངའ་སྡེའི་གྲོས་ཚོགས་འཐུས་ མི་ཟུར་པ་སྐུ་ཞབས་ཨེམ་པར་སེ་ཐ་ ཤར་མ་ (Shri. Am Prasad Sharma) མཆོག མངའ་སྡེའི་གྲོས་ཚོགས་འཐུས་ མི་ཟུར་པ་ཊི་མུ་ཐི་བྷ་ས་ནེ་ཊི་ (Shri. Timothy Basnet) མཆོག མངའ་སྡེའི་གྲོས་ཚོ གས་འཐུས་མི་ཟུར་པ་ཤཱམ་པར་དྷན་ (Shri. Shyam Pradhan) མཆོག་སོ གས་ཤེས་རིག་བློན་ཆེན་ལས་ཁུངས་སུ ་ཆེད་ཕེབས་གནང་ཡོད་པ་དང་བསྟུན། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོ ང་རྣམས་ལ་འཚམས་འདྲི་ཞུས་གནང་སོ ང་།