༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༠༨ ཚེས་ ༢༩ ཉིན་རྣམ་རྒྱལ་བསམ་གྲུབ་ལགས་ཀྱིས་ཧོན་སུར་རབ་རྒྱས་གླིང་ས་གནས་འགོ་འཛིན་གྱི་ལས་ཁུར་དབུ་འཛུགས་གནང་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོའི་ཐོག་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་སྤྲོད་དཔང་གི་འགན་ཁུར་གནང་ཡོད་པ་དང་། སྐབས་དེར་ས་གནས་ཀྱི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་མཉམ་ཞུགས་གནང་ཡོད་པ་བཅས།།