༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༠༡ ཉིན་སྦན་ད་ར་ནོར་རྒྱས་གླིང་གི་སྐབས་ ༡༡ པའི་ས་གནས་འཐུས་ཚོགས་ཀྱི་འདེམས་ཐོན་འཐུས་མི་གྲངས་ ༡༡ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་ཆོས་རྒྱལ་མཚན་ལགས་དང་ཚོགས་གཞོན་ཀརྨ་རྡོ་རྗེ་ལགས་བཅས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་དང་། ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། ས་གནས་ཁྲིམས་ཞིབ་པས་སྦན་ད་ར་ས་གནས་སུ་གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ས་གནས་མི་མང་ ༣༥ ཙམ་ལ་སྔར་སྲོལ་བོད་ཀྱི་ཁྲིམས་ལུགས་ངོ་སྤྲོད་དང་། མང་གཙོའི་འཕེལ་རིམ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་བྱུང་རིམ་དང་། ངོ་བོ། འགན་དབང་། གྲུབ་ཆ། ཁྲིམས་ཁོངས་ཁྱབ་ཚད། གཏན་འཇགས་སམ་འཕྲལ་སེལ་ཁ་མཆུ་ཞུ་གཏུག་བྱ་ཡུལ་གྱི་ཁྲིམས་ཁོངས་ཁྱབ་ཚད། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ནང་གསལ་ཁ་མཆུ་ཞུ་གཏུག་གིས་ཞུ་སྙན་འབུལ་སྟངས་དང་། བརྡ་སྦྱོར། གྱོད་ཡ་ཉམ་ཐག་ལ་མཐུན་རྐྱེན། ཐོག་མའི་ཉན་ཞིབ། ཞིབ་གཅོད། བཅད་ཁྲ། གོང་ཞུ་སོགས་ཀྱི་གོ་རྟོགས་སྤེལ་བ་དང་། སྐབས་མཚམས་དྲི་བ་ཁག་ལ་ལན་འདེབས་གནང་འདུག་པ་བཅས། །
གསར་གནས།
འབྲེལ་གནས།