༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༩ ཚེས་ ༠༨ ཉིན་ཨིན་ཡུལ་གྱི་རྒྱལ་མོ་ཨི་ལི་ཛི་བེཊ་གཉིས་པ་སྐུ་ཚེའི་འཕེན་པ་རྫོགས་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཡུན་གྱི་ཞིང་གཤེགས་རྒྱལ་མོ་ཨི་ལི་ཛི་བེཊ་གཉིས་པ་མཆོག་གི་རྒྱལ་སྲས་ཅར་ལི་གསུམ་པ་མཆོག་གིས་གཙོས་པའི་རྒྱལ་བཙུན་སྟོན་འཁོར་དང་ཨིན་ཡུལ་མི་མང་ཡོངས་ལ་ཐུགས་གསོ་མཛད་འདུག
དེ་ཡང་ཐུགས་གསོའི་གསུང་འཕྲིན་ནང་མགོན་པོ་གང་ཉིད་མཆོག་གིས། ངོས་རང་ཆུང་དུས་བོད་ནང་ཡོད་སྐབས་ཨིན་ཡུལ་གྱི་རྒྱལ་མོ་མཆོག་གི་ཁྲི་སྟོན་མཛད་སྒོའི་སྐུ་པར་རྣམས་བརྙན་དེབ་ནང་མཇལ་མྱོང་བ་ད་ལྟ་དྲན་སོས་ཀྱི་འདུག ཁོང་མོས་ཨིན་ཡུལ་གྱི་རྒྱལ་སྲིད་ཡུན་རིང་ཤོས་བསྐྱངས་པ་དེས་མི་མང་པོར་རྗེས་དྲན་སྲུང་བརྩི་དང་སེམས་ཤུགས་བྱེད་དུ་བཅུག་ཡོད་པ་མ་ཟད། སླར་ཡང་རྒྱལ་སྲིད་རྒྱུན་སྐྱོང་འདུ་ཤེས་ཀྱི་བློ་སྤོབས་སྦྱིན་ཡོད།
སྐུ་ཉིད་ཀྱི་ཡུམ་ཆེན་མཆོག་གིས་སེམས་པ་བཟང་པོ་དང་། ཆེ་མཐོང་། གཟི་བརྗིད། གཞན་ཕན་ཞབས་ཞུའི་བསམ་བློ་ཤུགས་ཆེ་ལྡན་པའི་ཐོག་ནས་སྐུ་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པས། ང་ཚོས་ཡོན་ཏན་དེ་དག་གཅེས་འཛིན་བྱེད་དགོས། ཞེས་དང་། མཐར་མགོན་པོ་གང་ཉིད་མཆོག་གིས་ཞིང་གཤེགས་རྒྱལ་མོརཐུགས་སྨོན་བསྔོ་བ་མཛད་འདུག་པ་བཅས།།