༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་ད་ལྟའི་བོད་ནང་གི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༢༡ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༤ ནས་ ༦ བར་ཆུ་ཚོད་གཉིས་རིང་ས་གནས་མི་མང་ཚོགས་ཁང་དུ་སྨོན་ལམ་ཚོགས་ཡོད་པ་དང་། སྐབས་དེར་ཞ་ལུ་དགོན་པའི་ཕྱག་མཛོད་མཆོག་གིས་དབུ་མཛད་གནང་བའི་ཐོག་ས་གནས་ཀྱི་མི་མང་གྲངས་ ༡༠༠ ལྷག་མཉམ་ཞུགས་ཀྱིས་གཙོ་བོ་སྒྲོལ་མའི་གཟུངས་སྔགས་དང་མ་ཎི། སྨོན་ལམ་ཁག་གཅིག་བཅས་གསོག་སྒྲུབ་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།