༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ནང་གི་ད་ལྟའི་དཀའ་ངལ་རྐྱེན་སེལ་རིམ་གྲོ་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༢༠ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༤།༣༠ བར་ཆུ་ཚོད་གཉིས་རིང་ནོར་བུ་རིར་སྨོན་ལམ་ཚོགས་ཡོད་པ་དང་། སྐབས་དེར་དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་དབུ་མཛད་གནང་བའི་ཐོག་ས་གནས་ཀྱི་མི་མང་ ༤༠༠ ལྷག་མཉམ་ཞུགས་ཀྱིས་གཙོ་བོ་སྒྲོལ་མའི་གཟུངས་སྔགས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས། ༧རྒྱལ་བའི་མཚན་སྔགས། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། སྒྲོལ་མ་ཉེར་གཅིག་གི་བསྟོད་པ། བོད་སྐྱོང་ལྷ་སྲུང་གི་འཕྲིན་སྐུལ་བསྐུལ། ཨོ་རྒྱན་འབྱུང་བཞིའི་ལྷ་མོའི་གསོལ་འདེབས། མ་ཎི། སྨོན་ལམ་ཁག་གཅིག་བཅས་གསོག་སྒྲུབ་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།