༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཉིན་ལྔའི་ཐབས་བྱུས་ཚོགས་འདུ ་འདི་བཞིན་བོད་ཀྱི་འཐབ་རྩོད་ཆེ ད་ནུས་པ་མཉམ་སྤུངས་ཀྱི་སྙིང་སྟོ བས་སླར་གསོའི་ཐོག་དེ་རིང་ཕྱི་ཚེས་ ༢༣ ཉིན་མཇུག་ བསྒྲིལ་གནང་ཡོད།
དེ་རིང་དཔལ་ལྡན་ཚོགས་གཙོ་སྦྲེལ་ པོ་གཙོས་པའི་སྤྱི་འཐུས་རྣམ་པ་ ཚང་འཛོམས་ཐོག་ཚོགས་འདུ་མཇུག་བསྒྲི ལ་གྱི་མཛད་སྒོ་ཞིག་བསྐྱངས་ཡོད་ པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་སྒྲོ ལ་མ་ཚེ་རིང་མཆོག་ནས་མཇུག་བསྡོ མས་གསུང་བཤད་གནང་བར་སྤྱི་འཐུས་ རྣམ་པས་དོ་སྣང་ཆེན་པོའི་ངང་ཚོ གས་འདུར་མཉམ་ཞུགས་གནང་བར་བསྔགས་ བརྗོད་གནང་བ་དང་། སྤྱི་འཐུས་རྣམ་པ་མི་མང་གི་སྐུ་ ཚབ་ཡིན་པར་བརྟེན་སྤྱི་ཚོགས་ནང་ བཟང་ཕྱོགས་ཀྱི་འགྱུར་བ་དང་གཅིག་ སྒྲིལ་ཡོང་རྒྱུའི་ཐོག་དམིགས་ བསལ་གྱི་འགན་འཕར་མ་ཡོད་སྐོར་གསུ ངས་སོང་།
དེ་མ་ཟད་ཉིན་ལྔའི་ཚོགས་འདུའི་རི ང་གནད་ཡོད་མི་སྣ་རྣམས་ཀྱིས་ཤེས་ རྒྱ་དང་གོ་རྟོགས་གནང་བ་རྣམས་ཕན་ རླབས་ཆེན་པོ་བྱུང་ཡོད་པའི་ཡིད་ ཆེས་དང་། དེ་བཞིན་མང་གཙོའི་ལམ་སྲོལ་ནང་ བསམ་ཚུལ་འདྲ་མིན་ཡོང་ངེས་ཡོད་ཀྱ ང་ནང་ཁུལ་གྱི་གནད་དོན་ཆུང་ཙག་ལ་ མགོ་མ་འཁོར་བར་བོད་སྤྱི་པའི་ འཐབ་རྩོད་ཐད་ནུས་པ་མཉམ་སྤུངས་ གནང་དགོས་པའི་སྐོར་གསུངས་སོང་། དེ་དང་སྦྲགས་སྤྱི་འཐུས་རྣམ་པ་ ནས་འབྱུང་འགྱུར་ལོའི་ནང་ལས་འཆར་ དང་བྱ་བཞག་ཐོག་བསམ་ཚུལ་གནང་བ་རྣ མས་ལ་ཚོགས་གཙོ་སྦྲེལ་པོ་ནས་ནང་ དོན་རྣམས་སོ་སོར་ཕྱོགས་བསྡོམས་ ཀྱིས་ལག་བསྟར་གང་ཐུབ་གནང་རྒྱུ་ ཡིན་པ་བཅས་དཔལ་ལྡན་ཚོགས་གཞོན་ མཆོག་ནས་གསུངས།
ཉིན་ལྔའི་ཚོགས་འདུའི་ནང་མཁས་ དབང་འདྲ་མིན་གྱི་གསུང་བཤད་དང་བོ ད་དོན་འཐབ་རྩོད་ཐད་བརྒྱུད་ལམ་ དང་ལས་འཆར་གསར་པ་བརྩམ་དགོས་གལ་ ཐོག་སྤྱི་འཐུས་རྣམ་པ་ནས་དོ་དབྱི ངས་ལྡན་པའི་ཐོག་དྭོགས་འདྲི་དང་ བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག རྒྱ་ནག་གཞུང་གིས་བོད་ཐོག་འཛིན་ པའི་སྲིད་བྱུས་དང་རྒྱལ་སྤྱིའི་ སྟེང་བོད་ཀྱི་ལོ་རྒྱུས་ཐོག་འཁྱོ ག་བཤད་གནང་བཞིན་ཡོད་པའི་ཐོག་ བསམ་ཚུལ་བརྗེ་ལེན་གནང་ནས་བོད་མི ་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བྱེ ད་སྒོ་དང་མ་འོངས་ལོ་བཞིའི་ནང་ ལས་འཆར་བཅས་ཀྱི་ཐོག་བཀའ་བསྡུར་ ལྷུག་པོ་བྱུང་འདུག
ཚོགས་འདུའི་ནང་བོད་མཐོ་སྒང་ཁོར་ ཡུག་གི་གལ་གནད་སྐོར་བགྲོ་གླེང་ གནང་འདུག རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུ ག་དེ་བཞིན་རྩ་གཏོར་གཏོང་བཞིན་ཡོ ད་པར་བརྟེན་དེའི་རྒྱུ་རྐྱེན་གྱི ས་ཨེ་ཤའི་ནང་དང་འཛམ་གླིང་སྤྱིའི ་གནམ་གཤིས་འགྱུར་ལྡོག་ཐད་དཀའ་ ངལ་ཆེར་འཕྲད་ཡོང་རྒྱུ་ཡིན་པའི་ ཐོག་བཀའ་བསྡུར་གནང་འདུག དེ་མཚུངས་བོད་དོན་ཞུ་གཏུག་གིས་ རྒྱ་གར་དང་རྒྱལ་ཁབ་གཞན་གྱིས་ གནད་ཡོད་མི་སྣ་དང་མི་མང་ལ་གོ་ རྟོགས་སྤེལ་རྒྱུའི་ལས་འཆར། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཐོ ག་འཛམ་གླིང་གི་ཕྱོགས་གང་སར་བོད་ ཀྱི་གནས་ཚུལ་ཁྱབ་སྤེལ་གནང་རྒྱུ་ བཅས་ཀྱི་ཐོག་བསམ་ཚུལ་བརྗེ་ལེན་ དང་བཀའ་བསྡུར་ལྷུག་པོ་གནང་འདུག
ད་ལན་གྱི་ཚོགས་འདུའི་ནང་ཨིན་ཡུ ལ་དང་སོ་ཀོ་ལེནཌ་གྲོས་ཚོགས་འཐུ ས་མི་ཟུར་པ་ལྕམ་སྐུ་མ་ག་རེཏ་ཀ་ རེན་མཆོག་དང་། ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ ཧར་ལལ་ནེཧ་རུ་གཙུག་ལག་མཐོ་སློབ་ ཀྱི་རྒྱ་ཡིག་ཚན་པའི་འགན་འཛིན་དང་སློབ་དཔོན་ཆེན་ མོ་སྐུ་ཞབས་སི་རི་ཀནཌ་ཀོན་ཌ་པ་ལི་ (Prof. Srikanth Kondapalli) ལགས། རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་ དང་། རྒྱ་གར་སྲིད་འཛིན་ཟུར་པ་སྐུ་ ཞབས་མན་མོ་ཧན་སིངྒ་མཆོག་གི་རྒྱ་ གར་རྒྱལ་ཡོངས་ཀྱི་སྲུང་སྐྱོབ་སློ བ་སྟོན་པ་སྐུ་ཞབས་ཤིབ་ཤང་ཀར་མེ་ ནོན་ (Shivshankar Menon) ལགས། ORF མཁས་པ་ཚོགས་པའི་བདེ་སྲུང་དང་། ཐབས་བྱུས། བཟོ་ལས་སྡེ་ཚན་གྱི་ངེས་སྟོན་པ་ ལྕམ་སྐུ་ར་ཇེཤ་ཝ་རི་པཱི་ལའི་ར་ ཇ་གོ་པ་ལན་ (Dr. Rajeshwari Pillai Rajagopalan) ལགས། ཤིབ་ན་གར་གཙུག་ལག་མཐོ་སློབ་ཀྱི་ སློབ་དཔོན་ཆེན་མོ་སྐུ་ཞབས་འབུམ་ རམས་པ་ཇ་བིན་ཇ་ཀོབ་ (Dr. Jabin Thomas Jacob) ལགས། ལྡི་ལིར་རྟེན་གཞི་བྱས་པའི་ཇ་ཝ་ ཧར་ལལ་ནེཧ་རུ་གཙུག་ལག་མཐོ་སློབ་ཀྱི་སློ བ་དཔོན་ཆེན་མོ་སྐུ་ཞབས་སློབ་དཔོ ན་མི་ལཔ་ཅནྟ་ཤར་མ་ (Prof. Milap Chand Sharma) ལགས། Ananta Aspen Centre ཚོགས་པའི་སྤྱི་ཁྱབ་འགན་འཛིན་ལྕ མ་སྐུ་ཨིན་དྲ་ནི་བྷག་ཆི་ (Indrani Bagchi) ལགས་བཅས་མཁས་དབང་རྣམས་ནས་བརྗོད་ གཞི་གལ་ཆེའི་ཐོག་གསུང་བཤད་གནང་ ཡོད། ཉིན་ལྔའི་ཐབས་བྱུས་ཚོགས་འདུ་དེ་ བཞིན་འདི་ཟླའི་ཚེས་ ༡༩ ནས་འགོ་འཛུགས་ཀྱིས་དེ་རིང་ཕྱི་ ཚེས་ ༢༣ བར་ལམ་ལྷོངས་ལྡན་པའི་ངང་མཇུག་ བསྒྲིལ་བ་བཅས་ཀྱི་གནས་ཚུལ་དུ།།