






དེ་རྗེས་སྤྱི་འཐུས་རྣམ་པ་པོན་ཌི ་ཅེ་རིའི་བོད་མིའི་འབྲེལ་མཐུད་ པ་ཨ་ཅག་པདྨ་ལགས་ཀྱིས་ཁོང་གི་གཟི མ་ཤག་ཏུ་གདན་ཞུས་སྣེ་ལེན་ཟབ་རྒྱ ས་གནང་བ་དང་། དགོང་དྲོ་པོན་ཌི་ཅེ་རིའི་མངའ་སྡེ འི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ (Shri. Embalam R. Selvam) མཆོག་དང་ལྷན་མཇལ་འཕྲད་དང་། དེ་ནས་སྤྱི་འཐུས་རྣམ་པ་གཉིས་ཨོ་ རོ་ཝེ་ལི་བོད་ཀྱི་ཤེས་ཡོན་ལྟེ་ གནས་ཁང་ (Tibet Pavilion – Auroville) དུ་དེ་གའི་འགན་འཛིན་ཨ་ཅག་སྐལ་ བཟང་ལགས་ཀྱིས་སྣེ་ལེན་དང་སྦྲགས། ས་གནས་སུ་གནས་སྡོད་བོད་མི་ཁག་ཅི ག་དང་ལྷན་དུ། དེ་གའི་གནས་སྟངས་སོགས་རྒྱུས་ལོ ས་གནང་རྗེས། རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་ཅེ ་ན་ཡའི་དང་། ཨོ་རོ་ཝི་ལེ། པོན་ཌི་ཅེ་རིའི་བཅས་ལ་གཞུང་འབྲེ ལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ ཡོད་པ་དང་། མུ་མཐུད་ས་གནས་གཞན་ཁག་ནང་ལས་རི མ་སྐྱོང་མུས་ཡིན་པ་བཅས། །