༄༅། །འདི་གར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་ འབྲེལ་མཐུད་པའམ་དོན་གཅོད་ཟུར་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ དང་ཚབ་གསར་དོན་གཅོད་རྩིབས་ རི་ལོ་པན་སྤྲུལ་སྐུ་ངག་དབང་མཆོ ག་གྲུབ་ལགས་རྣམ་གཉིས་དབར་རྩིས་སྤྲོ ད་རྩིས་ལེན་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༡༨ ནས་དངོས་སུ་འགོ་འཛུགས་ཏེ་ཕྱི་ ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༠ བར་ཉིན་གསུམ་ནང་མཇུག་བསྒྲིལ་ཐུ བ་ཡོད།
དེ་ཡང་ཕྱི་དྲིལ་དྲུང་ ཆེ་ཀརྨ་ཆོས་དབྱིངས་ལགས་སྤྲོ ད་དཔང་གི་འགན་འཁུར་འོག་བལ་ཡུལ་ སྐུ་ཚབ་དོན་གཅོད་ཁང་གི་ཅ་དངོས་ དང་ཡིག་ཆ་ཁག དེ་བཞིན་ཁྱབ་ཁོངས་ཚེ་རིང་རྒན་ གསོ་ཁང་དང་བལ་ཡུལ་སྣེ་ལེན་འབྲེ ལ་མཐུད་ཁང་ལ་གཟིགས་ཞིབ་དང་། བལ་ཡུ ལ་དོན་གཅོད་ཁང་དུ་ཞབས་སྟེགས་བརྗེ ་ལེན་སོགས་ཀྱི་རྩིས་སྤྲོད་རྩིས་ལེན་ གྱི་ལས་དོན་ཁག་ལེགས་གྲུབ་བྱུང་ ཡོད།
ཕྱི་ཚེས་ ༢༠ སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ གི་ཚོགས་ཁང་དུ་བལ་ཡུལ་ཀཐ་མན་གྲུ ་ཁུལ་གྱི་གཞུང་དང་གཞུང་ ཁོངས་མ་ཡིན་པའི་ལས་ཁུངས་ཁག་གི་ འགན་འཛིན་དང་སློབ་སྤྱི། ལས་བྱེད་བཅས་འདུ་འཛོམས་ཐོག་སྤྲོད་དཔང་ཕྱི་དྲི ལ་དྲུང་ཆེ་ཀརྨ ་ཆོས་དབྱིངས་ལགས་ཀྱིས་རྩིས་སྤྲོ ད་རྩིས་ལེན་སྐབས་ཀྱི་གཟིགས་ཚུལ་དང་། བལ་ཡུལ་དོན་གཅོད་གསར་རྙིང་གཉིས་ ནས་འཚམས་འདྲིའི་གཏམ་བཤད་སོགས་གནང་ གྲུབ་མཚམས་སྐུ་མགྲོན་ཡོངས་ལ་གུང་ཚིགས་ སྟབས་བདེ་ཞིག་ཕུལ་ཡོད་པ་བཅས། །