༄༅། །འདི་གར་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༢༠ རེས་གཟའ་མིག་དམར་ཉིན་ཏི་ཛུ་དར་ རྒྱས་གླིང་བོད་མིའི་གཞིས་ཆགས་ ཀྱི་ས་གནས་འགོ་འཛིན་ལས་ཚབ་བསྟན་ འཛིན་བློ་གྲོས་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་ལྷ་མོ་ཚེ ་རིང་ལགས་རྣམ་གཉིས་དབར་ལས་འགན་ རྩིས་སྤྲོད་རྩིས་ལེན་གནང་ཡོད།
སྐབས་དེར་རྩིས་སྤྲོད་རྩིས་ལེན་ གྱི་ལས་དོན་ཆེད་ནང་སྲིད་སྐུ་ཚབ་ མེའོ་ཆོས་འཕེལ་གླིང་ས་གནས་འགོ་ འཛིན་རྡོ་རྗེ་རིན་འཛིན་ལགས་སྤྲོ ད་དཔང་གི་འགན་ཁུར་བཞེས་པའི་ཐོག་ ས་འགོ་ལས་ཚབ་དང་ས་འགོ་གསར་པ་ དབར་ས་འགོའི་བདག་དབང་དུ་ཡོད་པའི ་རྩ་འཛིན་ཡིག་ཆ་ཁག་གིས་གཙོས་ལས་ཁུངས་ཀྱི ་ཡིག་སྣོད་སོགས་རྩིས་སྤྲོད་རྩི ས་ལེན་གནང་ཡོད།