༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
སྤྱིར་ཆོས་ལུགས་ཚང་མས་བྱམས་བརྩེ
ངོས་རང་ཟི་ལིང་པའི་བྱིས་པ་ལྷ་མོ་དོན་གྲུབ་༸རྒྱལ་བའི་ཡང་སྲིད་དུ་བརྩད་གཅོད་བྱེད་སྐབས་ལྷ་མོའི་བླ་མཚོ་མཇལ་དུ་འགྲོ་བའི་ཁོངས་རྭ་སྒྲེང་རིན་པོ་ཆེ་མཆོག་དང་། ཀེའུ་ཚང་རིན་པོ་ཆེ་མཆོག་སོགས་ཕེབས་ཡོད། ལྷ་མོའི་བླ་མཚོའི་ནང་ལ་ཨ་ཀ་མ་ཞེས་ཡིག་འབྲུ་གསུམ་ཧ་ཅང་གསལ་པོ་ཤར་འདུག་པ་མ་ཟད། མཐར་ངོས་རང་སྐྱེ་སའི་གྲོང་གསེབ་དེ་ཡང་ཧ་ཅང་གསལ་པོ་བསྟན་འདུག ཀེའུ་ཚང་རིན་པོ་ཆེ་མཆོག་ལྷ་མོ་བླ་མཚོར་གཟིགས་མཁན་གྱི་གྲས་ཡིན་པས་ངོས་རང་སྐྱེས་སའི་གྲོང་གསེབ་དེར་ཕེབས་འབྱོར་སྐབས་འདི་རྒྱུས་ཡོད་ཡིན། ལྷ་མོ་བླ་མཚོའི་ནང་ཧ་ཅང་གསལ་པོ་མཐོང་སོང་ཞེས་གསུངས་འདུག ཀེའུ་ཚང་རིན་པོ་ཆེ་མཆོག་སོགས་ང་ཚོའི་གྲོང་གསེབ་ཏུ་ཕེབས་ཀྱི་ཡོད་པ་སུ་གཅིག་གིས་ཤེས་མེད་ཀྱང་ངོས་རང་ཉིན་དེའི་ཞོགས་པ་སྔ་པོ་ནས་ཧ་ཅང་བྲེལ་བ་བྱས་པ་དང་། ཀེའུ་ཚང་རིན་པོ་ཆེ་མཆོག་སོགས་ཕེབས་སྐབས་ངོས་ཀྱིས་ཀེའུ་ཚང་རིན་པོ་ཆེ་མཆོག་ངོ་ཤེས་ཏེ་ཕར་རྒྱུག་ནས་སེ་རའི་ཨ་ཀ་ཞེས་ཧ་ཅང་དགའ་པོ་བྱས་འདུག ངོས་ཀྱིས་ཀེའུ་ཚང་རིན་པོ་ཆེའི་མགུལ་དུ་སྐུ་གོང་མས་གནང་བའི་ཕྱག་ཕྲེང་ཞིག་ཡོད་པ་དེར་འཇུས་ནས་འདི་ངོས་ཀྱི་ཡིན། ངོས་ལ་དགོས་ཞེས་བརྗོད་འདུག ངོས་རང་འདིར་བསླེབས་པ་དེ་ཡང་ལྷ་མོའི་བླ་མཚོ་ནས་ལུང་བསྟན་པ་ལྟར། མཐའ་འཁོབ་ཟི་ལིང་གི་བྱིས་པ་ཞིག་ཕྱིས་སུ་༸རྒྱལ་བ་རིན་པོ་ཆེ་ཆགས་པ་དང་། ལྷ་སར་བསླེབས་ནས་ལྷ་སའི་ཇོ་བོ་རིན་པོ་ཆེའི་སྐུ་མདུན་ནས་དགེ་བསྙེན་དང་། དགེ་ཚུལ། དགེ་སླེང་བཅས་བསྒྲུབས། གཙོ་ཆེ་ཤོས་ཡོངས་འཛིན་རྣམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་དཔེ་ཆ་གང་ཙམ་བལྟས་པ་ཡིན། རྟགས་གསལ་གཏོང་བ་དེ་བོད་ཀྱི་ཕྱྭ་བ་ཆོས་སེང་གིས་སྲོལ་གཏོད་འདུག དེ་ཡིན་ན། དེ་ཡིན་པས་ཁྱབ་པར་ཐལ། ཡིན་པའི་ཕྱིར་ཞེས་རྟགས་གསལ་ཧ་ལས་པ་ཞིག་གཏོང་སྐབས། བཅོམ་ལྡན་འདས་ཀྱི་བཀའ་ལུང་དྲངས་ན་གུས་ཞབས་བྱས་ཏེ་ཞྭ་མོ་ཕུད། མགོ་སྒུར་ནས་ལུང་ཉན་པའི་རྗེས་སུ་མ་ཁྱབ་པ་མ་བྱུང་ཞེས་བཅོམ་ལྡན་འདས་ཀྱི་བཀའ་ཡིན་ནའང་ལུང་གི་འགྲེལ་བ་མི་འདྲ་བ་ཞིག་བརྒྱབས་ནས་ཐུབ་པའི་བཀའ་ཡིན་ཡང་རིགས་པས་དཔྱད་ནས་འགྲོ་བས། སྔ་མོ་ལམ་རིམ་དང་བློ་སྦྱོང་གི་དཔེ་ཆའི་ནང་དུ། རྟོག་གེ་མགོ་མཁྲེགས་ལ་སྐྱེས་ན། །སངས་རྒྱས་དངོས་ཀྱིས་ཀྱང་གདུལ་དཀའ། ཞེས་པ་དེ་ཆགས་པ་རེད།
ནཱ་ལེནྡྲའི་མཁས་པས་སྟོན་པའི་བཀའ་ལའང་དངོས་གནས་དྲང་གནས་རིགས་པའི་ལམ་ནས་དཔྱད་པ་གནང་སྟེ་རིགས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་ཡིན་པ་དང་མིན་པ། ཁས་བླང་རུང་བ་དང་མི་རུང་བ་སོགས་རིགས་པའི་ལམ་ནས་དཔྱད་དེ་འགྲོ་གི་ཡོད་པ་རེད། བོད་གངས་ཅན་ལྗོངས་ཀྱི་ནང་པ་ཚོ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་ཆགས་ཡོད་པ་དང་། མང་ཚོགས་ཀྱི་བྱིས་པ་ཆུང་ངུ་ཚོས་ཀྱང་ཆུང་ཆུང་སྐབས་ནས་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་དང་མ་ཎི་བགྲང་གི་ཡོད། དཔེ་ཆ་ཤེས་ཀྱི་མེད་པ་མ་ཟད། དཔེ་ཆ་སློབ་མཁན་ཡང་མེད། འོན་ཀྱང་རིམ་པས་སློབ་གཉེར་ཁང་ཁག་ལ་ཞུགས་ཏེ་དཔེ་ཆར་བལྟས་ཡོང་བ་ན། བོད་ཀྱི་སངས་རྒྱས་པའི་ཆོས་དེ་རྒྱུ་མཚན་དང་ལྡན་པ་ཞིག་དང་། དེ་ལ་དད་པ་བྱེད་པར་རྒྱུ་མཚན་ཡང་ཡོད། རྒྱུ་མཚན་ཤེས་པའི་ཐོག་ནས་དད་པ་བྱེད་པའམ་ཤེས་ནས་དད་པ་ཐོབ་པ་དེ་ཧ་ཅང་བརྟན་པོ་རེད།
དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པའི་ཡུལ་གྲུ་མང་པོ་ཡོད་ནའང་བོད་ཀྱི་ནཱ་ལེནྡྲའི་ཆོས་བརྒྱུད་ནི་རིགས་པའི་ལམ་ནས་དཔྱད་པ་དཔྱིས་ཕྱིན་པ་བྱས་ནས་རྒྱུ་མཚན་མཐོང་བའི་སྒོ་ནས་སངས་རྒྱས་ཀྱི་གསུང་ལ་ཡིད་ཆེས་སླེབས་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། ངོས་ལ་ཆ་བཞག་ཀྱང་གཙོ་བོ་ཡོངས་འཛིན་རྡོ་རྗེ་འཆང་རྣམ་པའི་ཐུགས་རྗེ་བཀའ་དྲིན་ལ་དཔེ་ཆར་གང་ཙམ་བལྟས་ཡོད་སྟབས། ནང་པའི་ཆོས་གྲོགས་གཞག་དང་ཆོས་ལུགས་འདྲ་མིན་གྱི་མི་ཐུག་སྐབས་ཨ་མདོ་ཟི་ལིང་གི་བྱིས་པ་དེ་ཁ་བདེ་པོ་བྱས་ནས་སྡོད་ཀྱི་ཡོད། རྗེ་རིན་པོ་ཆེས་མཛད་པའི་རྟེན་
ང་ཚོ་བོད་ཀྱི་འགྲོ་སྟངས་ནི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་སྤྱི
སེམས་ཁམས་རིག་པ་ནུབ་ཕྱོགས་པའི་ཤེས་ཡོན་ནང་མེད་པར་རྒྱ་གར་གྱི་སེས་ཡོན་ཞིག་ཡིན། གཞུང་པོ་ཏི་ལྔ་ཞིབ་ཚགས་པོ་བྱས་ནས་བལྟས་ན། ཟླ་བ་གྲགས་པའི་གསུང་དེ་དག་ཡག་ཤོས་ཡིན་སྟབས། སེམས་ཁམས་རིག་པའི་སྐོར་སྤྱིར་ནང་པའི་གཞུང་དང་། དེང་སྐབས་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་སྨྲ་བ་མང་པོས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག སོ་སོས་དད་པ་བྱེད་སའི་ཆོས་དེ་གནས་ཚུལ་ཐ་དད་ཡིན། གང་ལྟར་རྣམ་དཔྱོད་ཀྱི་ཐོག་ནས་དཔྱད་པ་བྱེད་པར་དེང་སང་གི་ཚན་རིག་པ་ཚོས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག
ད་རེས་སྐབས་སུ་བབ་པ་ངོས་རང་ཧི་མ་ལ་ཡ་རི་རྒྱུད་དུ་ཡོང་བར་མི་མང་གིས་ཧ་ཅང་དགའ་པོ་བྱེད་པ་འདིས་བོད་ནང་ལའང་ཤུགས་རྐྱེན་ཐེབས་པ་ཙམ་དུ་མ་ཟད། རྒྱ་མི་བློ་གཟུ་བོར་གནས་པ་མང་པོ་ཞིག་ཐེ་ཚོམ་སྐྱེས་ནས་སེམས་ནང་ང་ཚོས་ནམ་རྒྱུན་ཆོས་ནི་རྨོངས་དད་རེད ཏཱ་ལའི་ལོག་སྤྱོད་པ་རེད་ཅེས་བཤད་ཀྱི་ཡོད་ནའང་མི་མང་པོས་ཧ་ཅང་དགའ་པོ་བྱེད་པར་བལྟས་ན་ང་ཚོས་བཤད་པ་དེ་འདྲ་རང་ཨེ་ཡིན་ནམ་དྲན་གྱི་རེད། ངོས་རང་འདིར་ཡོང་ནས་ཁྱེད་ཚོ་མི་མང་རྣམས་ལ་ཐུག་པ་དང་། མི་མང་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་པ་འདིས་བོད་ཀྱི་སངས་རྒྱས་པའི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་སོགས་ལ་གང་ལ་གང་ཙམ་གྱིས་ཤུགས་རྐྱེན་ཐེབས་ཀྱི་ཡོད།
སྤྱིར་དེང་སྐབས་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག་པ་མ་ཟད། ནཱ་ལེནྡྲའི་ཆོས་བརྒྱུད་བོད་ལ་ཡོད་པ་འདི་ཚན་རིག་དང་མཐུན་པ་འདུག་ཅེས་རྒྱ་མི་ཁ་ཤས་ཀྱིས་བརྗོད་ཀྱི་འདུག རྒྱ་ནག་ནང་དུའང་ནང་པའི་ཆོས་ལ་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་གི་འདུག ཟི་ལིང་ནས་ཡོང་བའི་ཨ་མདོ་ལྷ་མོ་དོན་གྲུབ་ཧ་ཅང་གྲུང་པོ་འདུག་ཅེས་རྒྱ་མིས་དེ་འདྲ་ཞིག་མཐོང་བཞིན་ཡོད།
ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་