༄༅། འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོ
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
ངོས་རང་ཉིན་རེ་བཞིན་དུ་བྱང་ཆུབ་སེམས་
ངོས་ཀྱི་བསླབ་བྱ་གཙོ་བོ་ནི། སེམས་བཟང་པོ་བྱེད་དགོས་ཞེས་པ་དེ
ཁྱེད་རང་ཚོས་དེ་དེ་བཞིན་འདོན་པ་ཏཱ་ལའི་བླ་མ་ཞེས་པ་དེ་བོད་གངས་
ངོས་ཀྱི་ལས་འགན་ནི་བོད་གངས་ཅན་ལྗོངས་ཀྱི་ཆབ་སྲིད་ཀྱི་རང་དབང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ནཱ་ལེནྡྲ་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུས་ནས་ལྷ་སར་པེབས་པ་དང་། ཁྱོད་ཚོར་བོད་ཡིག་ཟུར་དུ་འདུག་སྟབས། པཱ་ལི་དང་ལེགས་སྦྱར་སློབ་མི་དགོས་པར་བོད་ཡིག་ནང་བཙོམ་ལྡན་འདས་ཀྱི་གསུང་དང་། རྒྱ་གར་གྱི་མཁས་པའི་གཞུང་དེ་དག་གང་མང་བསྒྱུར་དགོས་རྒྱུ་གལ་ཆེན་པོ་འདུག ཅེས་གསུངས་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་སོགས་ཧ་ཅང་མཛད་རྗེས་ཆེན་པོ་དང་དགོངས་པ་རྒྱ་ཆེན་པོ་རེད། བོད་སྐད་རྩ་བར་བཞག་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་ཡིག་ཆ་དེ་དག་ཧ་ཅང་རྩ་ཆེན་པོར་རྩིས་ནས་བོད་ཀྱིས་བདག་པོ་བརྒྱབ་ཐུབ་ཡོད། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཧ་ཅང་གྱོང་པོ་རེད། མཁན་ཆེན་ཞི་བ་ཚོའི་སྲས་ཀྱི་ཐུ་བོའི་གྲས་སློབ་དཔོན་ཀ་མ་ལ་ཤི་ལ་གདན་ཞུ་གནང་། ཕྱོགས་གཅིག་ནས་ཀ་མ་ལ་ཤི་ལས་དབུ་ཁྲིད་པའི་དགེ་ཕྲུག་ཚོ་ཁག་གཅིག་དང་། ཕྱོགས་གཅིག་ལ་རྒྱའི་དགེ་སློང་རྣམས་བཞུགས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དབུས་སུ་བཞུགས་ཏེ་གཟིགས་རྟོག་གནང་། ཀ་མ་ལ་ཤི་ལའི་དགེ་ཕྲུག་ཚོར་སྡེ་སྣོད་གསུམ་ལས་བརྩམས་པའི་གཞུང་རྣམས་ལ་འགྲེལ་བཤད་ཧ་ཅང་བརྒྱབ་རྒྱུ་ཡོད་ནའང་རྒྱའི་མཁན་པོ་ཚོར་སྒོམ་བརྒྱབ་རྒྱུ་མ་གཏོགས་འགྲེལ་བཤད་བརྒྱབ་རྒྱུ་མེད་པས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱའི་སྒོམ་ཆེན་པ་ཚོར་ཐུགས་རྗེ་ཆེ། རྒྱ་ཡུལ་ལ་ཕེབས་རོགས་ཞེས་བརྗོད་པ་གྱོང་པོ་རེད་འདུག
ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་ཚང་མས་གཞུང་དེ་དག་ལ་བལྟས་ནས་བསམ་བློ་བཏང་བར་བརྟེན་དེང་སྐབས་འཛམ་གླིང་འདིའི་སྟེང་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ། ལུང་དང་རིགས་པའི་སྒོ་ནས་བསྒྲུབ་རྒྱུ་ཡོད་པ། ལྷག་པར་རིགས་པའི་སྒོ་ནས་འགྲེལ་བཤད་བརྒྱབ་ནས་མིའི་སེམས་ལ་ངེས་ཤེས་ཐོབ་ཐུབ་པ་ཞིག་བོད་གངས་ཅན་ལྗོགས་སུ་ཡོད་པ་འདི་བོད་གངས་ཅན་ལྗོངས་ཀྱི་ཆོས་རྒྱལ་ཚོའི་བཀའ་དྲིན་ཡིན། བོད་ཀྱི་དགེ་བཀའ་དེང་སང་འཛམ་གླིང་འདིའི་སྟེང་ཐེ་ལེནྜི་ (Thailand) དང་འབར་མ། (Burma) སིན་ཧ་ལ་ (Sri Lanka) སོགས་ནང་པའི་ཡུལ་གྲུ་མང་པོ་ཡོད་ནའང་བསྲེགས་བཅད་བརྡར་གསུམ་བྱས་ནས་ལུང་དོན་རིགས་པས་གཏན་ལ་འབེབས་པ་བོད་གངས་ཅན་ལྗོངས་ཁོ་ན་ཡིན། རིགས་པའི་ཐོག་ནས་དཔྱད་པ་བྱས་ཏེ་འགྲོ་བཞིན་ཡོད། ངོས་ཀྱིས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་ཤུགས་ཆེན་པོ་བྱེད་ཀྱི་ཡོད། སེམས་ཁམས་རིག་པའི་སྐོར་ནང་པའི་གཞུང་ནང་ཞིབ་ཚགས་པོ་དང་རྒྱས་པོ་ཡོད་སྟབས། ཚན་རིག་པ་ཚོས་ཧ་ཅང་དོ་སྣང་དང་གོ་བསྡུར་བྱེད་ཀྱི་འདུག་པར་བརྟེན་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་པའི་ཆོས་ཚུལ་རིགས་པའི་ལམ་ནས་གཏན་ལ་ཕབ་ནས་འགྲོ་བ་དེ་དེང་སྐབས་ཚན་རིག་པ་དང་མཉམ་དུའང་གོ་བསྡུར་བྱེད་ཐུབ་པ་ཞིག་ཆགས་ཡོད་པ་ཙམ་དུ་མ་ཟད། འཛམ་གླིང་འདིའི་སྒང་རིགས་པའི་སྒྲུབ་བྱེད་ཀྱི་ཐོག་ནས་སེམས་ཁམས་རིག་པའི་སྐོར་བཤད་པའི་གྲུབ་དོན་ལ་སེམས་ཞི་ཞིང་དུལ་བ་དང་། བརྩེ་བ་ལྡན་པ་ཞིག་བསྒྲུབ་པའི་སྒྲུབ་ཐབས་ལ་ཡིད་ཆེས་ཁོ་ན་མིན་པར་རིགས་པས་སྒྲུབ་པ་ཧ་ཅང་བཟང་།
བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་
དེ་དང་ཆབས་ཅིག་ཁོར་ཡུག་ཀྱང་ཧ་ཅང་གལ་ཆེན་
ངོས་རང་རྒྱ་གར་དུ་འབྱོར་བ་དང་ནེཧ་རུ་ལ་ང་ཚོ་བོད་པར་བོད་ཡིག་དང་བོད་སྐད་ཡོད་པར་བརྟེན་བོད་པའི་སློབ་གྲྭ་ཟུར་དུ་དགོས་ཀྱི་འདུག་ཅེས་ཞུས་པར་ནེཧ་རུས་འགྲིག་གི་རེད་ཅེས་གསུངས་པ་དང་། སྐབས་དེའི་ཤེས་རིག་བློན་ཆེན་ཤྲི་མ་ལི་ (K. L. Shrimali) སོགས་ཀྱིས་ཀྱང་རྒྱབ་སྐྱོར་གཙང་མ་གནང་སྟེ་རྒྱ་གར་དུ་བོད་པའི་སློབ་གྲྭ་ཁག་བཙུགས་པ་ཡིན། ལ་དྭགས་ས་ཁུལ་ལ་ཆ་བཞག་པ་ཡིན་ནའང་བོད་པའི་སྐད་ཡིག་ལ་དོ་སྣང་བྱས་ནས་སློབ་སྦྱོང་བྱེད་ཐུབ་ན་ཡག་པོ་ཡོད། གོང་དུ་བརྗོད་པ་བཞིན་ཁ་སང་ལྷ་སའི་ཁ་ཆེ་ཁ་ཤས་ཐུག་པ་ཡིན། ཁོང་ཚོའི་ཆོས་ལུགས་ནི་ཁ་ཆེ་ཡིན་པ་དང་ཁ་ཆེའི་གྱོན་ཆས་གྱོན་ཡོད། འོན་ཀྱང་ལྷ་སའི་སྐད་ཧ་ཅང་དྭངས་མ་རྒྱག་གི་འདུག ཁ་ཆེའི་གྲོགས་པོ་ཚོས་སོ་སོའི་ཆོས་ལུགས་ཁ་ཆེའི་སྟོན་པ་མུ་ཧཱ་མཱཏ་ཡི་ཆོས་ལུགས་བྱེད་ཀྱི་ཡོད་ནའང་བོད་པའི་ཡི་གེ་དང་སྐད་ལ་དོ་སྣང་བྱེད་ཀྱི་འདུག་པ་ལྟར་མུ་མཐུད་གནང་ཐུབ་ན་ཧ་ཅང་ཡག་པོ་ཡོད། བོད་ནང་ལ་མཚོན་ན་བོད་རྒྱ་ཆེའི་མི་མང་ཀྱི་སེམས་ཤུགས་ནི་དངོས་གནས་རི་བཙུགས་པ་ལྟར་འགྱུར་བ་མེད།ང་ཚོར་ནཱ་ལེནྡྲ་ནས་བརྒྱུད་པའི་རིག་གཞུང་དང་སངས་རྒྱས་པའི་ཆོས་ཧ་ཅང་སྤུས་དག་པོ་ཞིག་པ་དེར་རྒྱ་མིའི་མཁས་པ་མང་པོས་དོ་སྣང་གསར་པ་བྱེད་བཞིན་ཡོད་པ་དང་། རིམ་པས་རྒྱ་ནག་ནང་དུའང་བོད་ཀྱི་ནང་ཆོས་ཁྱབ་འཕེལ་ཡོང་བའི་བཟོ་འདུག དུས་ཀྱི་འགྱུར་བ་འདི་ལྟར་འགྲོ་བཞིན་ཡོད་པས་ནམ་ཞིག་ལ་དྭགས་ཀྱི་བོད་པའི་གྲོགས་པོ་ཚོ་ལྷ་སར་འཛོམས་པའི་གོ་སྐབས་ཡོང་སྲིད་པས་ཚང་མ་བློ་བདེ་པོ་དང་སེམས་པ་བཟང་པོ་བྱས་ཏེ་བཞུགས་རོགས། གཞན་ཞུ་རྒྱུ་གང་ཡང་མི་འདུག བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་བཀའ་དྲིན་སྩལ་སོང་བ་