༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོ
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
ངོས་རང་བོད་བྱང་ཕྱོགས་ནས་སྐྱེས་ཏེ། རིམ་པས་བཙན་བྱོལ་བ་ཆགས་ནས་མི་སུ་ལ་ཐུག་ཀྱང་མི་གཅིག་པ་ཡིན་བསམ་པའི་ཐོག་ནས་ཐུག་གི་ཡོད་སྟབས་ཚང་མར་གྲོགས་པོ་ཆགས་ཀྱི་འདུག སྔ་མོ་ནས་ལྷ་སར་ཁ་ཆེའི་ཆོས་ལུགས་བྱེད་མཁན་ཡོད། ཁ་ཆེའི་གྲོགས་པོ་ཚོ་བོད་གཞུང་གིས་ངོས་ལེན་ཡོད་པར་མ་ཟད། ལྷ་སར་ཡོད་པའི་ཁ་ཆེའི་སྐྱིད་སྡུག་ཚང་མ་འཆར་ཅན་བོད་གཞུང་གི་མཛད་སྒོ་གལ་ཆེ་བ་ཚང་མར་ཡོང་གི་རེད། ལྷ་སར་ཁ་ཆེའི་ཚོང་པ་མང་པོ་མེད་ཀྱང་གང་ཙམ་ཡོད། བོད་མི་རྒན་པ་ཚོ་ཁ་ཆེའི་ཚོང་ཁང་ནང་ཕྱིན་ནས་སྐད་ཆ་བཤད་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་རེད། ལྷ་སར་ཡོད་པའི་ཁ་ཆེའི་ཚོང་པ་ཚོ་རྒྱ་གར་ལ་ཕྱིན་ནས་ཚུར་བསླེབས་པ་དང་རྒྱ་གར་གྱི་གསར་འགྱུར་ཅི་ཞིག་འདུག གཱནྡྷཱི་ག་རེ་གནང་གི་འདུག་པ་སོགས་ལ་ཉན་རྒྱུར་ཧ་ཅང་དགའ་པོ་ཡོད། ཁ་ཆེའི་ཚོང་པ་ཚོ་ང་ཚོར་གསར་འགྱུར་མཁོ་སྤྲོད་བྱེད་མཁན་ལྟ་བུ་ཆགས་ཡོད།ཧི་མ་ལ་ཡ་རི་རྒྱུད་འདི་ལོ་རྒྱུས་ཐོག་ནས་བོད་དང་ཧ་ཅང་འབྲེལ་བ་ཡོད་སྟབས་གནད་འགག་ཆེན་པོ་ཡིན། ངོས་ཀྱིས་དམ་བཅའ་གཅིག་ནི་བོད་དེ་ཞི་བདེའི་བསྟི་གནས་བཟོ་དགོས་ཞེས་བཤད་ཀྱི་ཡོད། རྒྱ་ནག་གུང་ཁྲན་ཏང་གིས་སྲིད་བྱུས་མཁྲེགས་པོ་བྱས་པ་ལ་བརྟེན་ནས་ངོས་རང་བཙན་བྱོལ་ལ་བསླེབས་པ་ཡིན། འོན་ཀྱང་བོད་མི་དམངས་ཀྱི་བདེ་སྡུག་སྤྱི་དང་། ལྷག་པར་བོད་ལ་རྒྱ་གར་གྱི་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་རིག་གཞུང་ཡིན་པའི་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་དང་། ཆོས་ལུགས་རིས་མེད་ལ་དད་པ་དང་། དགའ་མོས་བྱེད་པའི་མིག་ལྟོས་བཟང་པོ་ཞིག་ཡོད་པ་དེ། མུ་མཐུད་ནས་འཛིན་ཐུབ་པར་ཤུགས་རྒྱག་གི་ཡོད།
བོད་གངས་ཅན་གྱི་ལྗོངས་ཀྱི་རིག་གཞུང་དེ་གནའ་རབས་ཀྱི་རིག་གཞུང་རྙིང་ཁུངས་ཤིག་དང་། ཞི་བདེ་རྩ་བར་ཡོད་པའི་རིག་གཞུང་ཞིག་ཆགས་ཡོད་སྟབས། ཧི་མ་ལ་ཡ་རི་རྒྱུད་དེ་དག་ལ་བོད་ཀྱི་དེ་སྔའི་རིག་གཞུང་གི་གོམས་གཤིས་ཡོད་པ་ལྟར། ཧི་མ་ལ་ཡ་རྒྱུད་ཀྱིས་དེ་ཉར་ཚགས་ཡག་པོ་བྱེད་དགོས། ཆོས་ལུགས་མཐུན་སྒྲིལ་ཡང་གོང་དུ་ཞུས་པ་བཞིན་ལྷ་སར་ཁ་ཆེ་ཆོས་པ་མང་པོ་ཡོད་པ་བཞིན་ཧི་མ་ལ་ཡ་རི་རྒྱུད་ཀྱི་ཟངས་དཀར་ལ་ཆ་བཞག་ནའང་ཆོས་ལུགས་ཚང་མར་གུས་ཞབས་བྱེད་པ་འདི་ཧ་ཅང་མིག་ལྟོས་ཡག་པོ་ཡིན་པས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་དེ་རིང་འདིར་ཆེད་མངགས་ཁ་ཆེའི་གྲོགས་པོ་ཁྱོད་ཚོར་ཐུག་ཏུ་ཡོང་ནས་ཁྱོད་ཚོར་དམིགས་བསལ་གྱིས་འཚམས་འདྲི་དང་གུས་ཞབས་ཡོད། ཅེས་བཀའ་སློབ་སྩལ་སོང་བ་བཅས།།