༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
དེ་ནས་ཐམས་ཅད་རྣལ་འབྱོར་སེམས་
འདི་ནི་ངའི་ལུས་རེད། འདི་ནི་ངའི་སེམས་རེད་ཅེས་པའི་ང་དེ་གང་དུ་འདུག་གམ་ཞེ་ན། མཛུབ་མོ་བཙུག་ས་ཁྱོན་ནས་མི་འདུག མེད་པའང་མིན་པར་ད་ལྟའི་ང་དེ་རིམ་པས་ཡར་ཕྱིན་ནས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་བདག་དེ་ཆགས་ཀྱི་ཡོད་སྟབས། ཆོས་ལོངས་སྤྲུལ་གསུམ་ཞེས་བཤད་ཡོད། དེར་བརྟེན་ང་མེད་པ་ནི་མིན། ང་མེད་ཅེས་ན་ཆད་ལྟ་ཡིན། བློ་ལ་ང་ཞེས་ལུས་སེམས་ལ་དབང་བསྒྱུར་མཁན་གྱི་ང་རང་མཚན་པ་ཞིག་ཡོད་པར་འཆར་བ་དེ་གཏན་ནས་མེད། ང་མེད་པའང་མིན་པ་དང་། མིང་རྐྱང་བཏགས་ཡོད་ཙམ་མ་གཏོགས་མེད་པ་ལ་བསམ་བློ་བཏང་ནས་དེར་མཉམ་པར་ཞོག ང་ཟེར་བ་ཞིག་ཡོད་ཀྱང་མཛུབ་མོ་བཙུག་ས་ཞིག་ཁྱོན་ནས་མི་འདུག་སྙམ་དུ་སེམས་ཐག་ཆོད་པའི་བསམ་བློ་ཞིག་ཐོངས། གོང་དུ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་འོད་དཀར་པོ་སྒོར་སྒོར་ཞིག་ཏུ་བསམ་བློ་བཏང་ནས་ཡོད་པ་དེའི་སྒང་ལ། ཡར་སངས་རྒྱས་ཞེས་མཛུབ་མོ་བཙུག་ས་མི་འདུག མར་སེམས་ཅན་ཞེས་ཀྱང་མཛུབ་མོ་བཙུག་ས་མི་འདུག གཞན་ཞེས་ཀྱང་མཛུབ་མོ་བཙུག་ས་མི་འདུག རང་ཞེས་ཀྱང་མཛུབ་མོ་བཙུག་ས་མི་འདུག་པར། མིང་བརྡས་བཞག་ཙམ་ཞིག་མ་གཏོགས་དོན་གྱི་ངོ་བོའི་སྒོ་ནས་ཡོད་པ་ཞིག་གཏན་ནས་མི་འདུག་བསམ་པ་བློ་ཐག་ཆོད་པར་བྱས་ནས་དེ་ལྟ་བུའི་བློ་དེ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་རྣམ་པ་ཞིག་ཏུ་གྱུར་ནས་ཀུན་རྫོབ་བྱུང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ཞིག་ཏུ་བསམ་ཡོད་པ་དེའི་སྒང་ལ་ལངས་སྟབས་སུ་ཡོད་པར་བསམ་པ་དེ་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་ཟེར། ཅུང་ཙམ་སྒོམས་ཤིག་ཨང་།
ང་ཚོས་ནམ་རྒྱུན་ཉམས་ལེན་ཟེར་དུ