༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༨ ཚེས་ ༠༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲི
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་
སྐབས་དེར་རྒྱ་མིའི་ལས་ཁུངས་ནས་
ཕྱོགས་མང་པོ་ཞིག་ནས་བལྟ་དུས་
ནོར་གླིང་ནས་མ་ཐོན་སྔོན་ལ་ང་ཚོས་བསྐང་གསོལ་བཏང་བ་ཡིན། མཚན་གཅིག་རྨི་ལམ་དུ། གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།། ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ།། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང་།། བཀྲ་ཤིས་རྒྱལ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག། ཅེས་པའི་ཚིགས་བཅད་འདི་ངོས་ཀྱི་མདུན་དུ་མཁན་པོ་གང་ཙམ་ཞིག་གིས་སྐྱོར་སོང་། དེ་ནས་ཉིན་གཅིག་གཉིས་རྗེས་སུ་ངོས་རང་ནོར་བུ་གླིང་ཁ་ནས་ཐོན་ཡོང་བ་རེད། ཕྱི་ལོ་ ༡༩༥༦ ནས་ངོས་རང་རྒྱ་གར་གཞུང་གི་དཔོན་རིགས་ཚོར་ངོ་ཤེས་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་གནས་ཚུལ་བྱུང་སྟེ་རྒྱ་གར་རང་དབང་ལུང་པར་སླེབས་སྐབས་རྒྱ་གར་གཞུང་གིས་དགའ་བསུ་གཟབ་རྒྱས་གནང་རྒྱུ་བྱུང་། དེ་ལྟར་ང་ཚོར་མི་ཚེ་གསར་པ་ཞིག་འགོ་ཚུགས་པ་རེད། རྒྱ་གར་ལ་སླེབས་ནས། བཀྲ་ཤིས་རྒྱལ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པ་ལྟར། ངོས་རང་རྒྱ་གར་དུ་བསྡད་ནས་འཛམ་གླིང་ཐོག་བོད་དོན་ལ་དོ་སྣང་བྱེད་མཁན་དང་། བོད་ཀྱི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ནས་ཡིན་ནའང་འཛམ་གླིང་འདིའི་སྟེང་ཧ་ཅང་གསལ་པོ་ཆགས་ནས་མི་མང་པོས་ཤིན་ཏུ་དགའ་པོ་བྱེད་པ་བྱུང་བ་རེད།
ཕྱི་ལོ་ ༡༩༥༩ ལོར་དྲག་གནོན་བྱེད་མཁན་ཐན་ཀོན་སན་སོགས་ཀྱི་བློ་ཡུལ་ལས་འདས་པ་ཞིག་ལ་ང་ཚོ་འདིར་བཙན་བྱོལ་བ་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དང་། འཛམ་གླིང་འདིར་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་སླེབས་པ་དེ་ལྟར་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྐྱེན་ངན་གྲོགས་ལ་ཤར་བ་རེད། ང་ཚོ་ལྷ་སར་བསྡད་ཡོད་ན་རྦད་དེ་ནག་བསུབ་གཏོང་རྒྱུ་མ་གཏོགས་གང་ཡང་ཡོད་པ་མ་རེད། ང་ཚོས་ཐག་བཅད་ནས་ནོར་བུ་གླིང་ཁ་ནས་བྲོས་ཏེ་རྒྱ་གར་ལ་སླེབས་ཤིང་། འཛམ་གླིང་འདིར། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་པའི་དོན་དག་འདི་ངོས་ཀྱིས་ལག་ལེན་སྐྱེལ་བཞིན་ཡོད། ལ་དྭགས་ས་ཁུལ་གྱིས་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་འདི་དག་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་བསྟན་པ་དེ་སྔ་ནས་ཁྱབ་ཡོད་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེ་ཆགས་ཡོད། ནུབ་ཕྱོགས་ཡུལ་གྲུ་མཚོན་པའི་མང་པོ་ཞིག་ནི་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའི་གནས་རེད། གང་ལྟར་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་ཐུགས་སྨོན་གནང་བ་ལྟར་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཤིག་འདི་ལྟར་ཕྱིན་པ་རེད།
ད་ལྟ་བོད་གངས་ཅན་ལྗོངས་ཀྱི་རྒྱ་ཆེའི་མི་མང་གི་དད་པ་དང་ལྷག་བསམ་གཡོ་བ་མེད་པར་ཧ་ཅང་བརྟན་པོར་གནས་འདུག དད་པ་དང་འདུན་པ་ཆིག་སྒྲིལ་ཡོད་
ངོས་ཀྱིས་ངོ་ཤེས་པའི་བོད་པ་ཤེས་ཡོན་ཅན་ཁག་ག
ང་ཚོ་བཙན་བྱོལ་དུ་སླེབས་པ་ཚོས་དགོས་དོན་གང་ལ་གང་ཙམ་གྲུབ་ཡོད། གཙོ་ཆེར་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་དང་། ངོས་ལ་ཡིད་ཆེས་རྩེ་གཅིག་བྱས་ནས་གོང་བུ་གཅིག་གྱུར་གྱི་ནུས་པ་ཡག་ཐག་ཆོད་ཡོད། དེར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་ལྟའི་བར་དུ་ཚང་མས་ལྷག་བསམ་རྡོག་རྩ་ཆི
སྐབས་སུ་བབ་པ་ཧི་མ་ལ་ཡ་རི་རྒྱུད་དེ་དག་བོད་ཀྱི་ནང་པ་དང་གཅིག་གྱུར་ཆགས་ཡོད། ཁྱེད་རང་ཚོས་སངས་རྒྱས་ཀྱི་བསྟན་པར་དོ་སྣང་ཆེན་པོ་ཡོད་པ་རེད། སློབ་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྨོན་ལམ་བརྒྱབ་པ་ཙམ་གྱིས་མི་ཕན་པར་སངས་རྒྱས་པས་གཞིའི་རྣམ་གཞག་དང་། ལམ་གྱི་རྣམ་གཞག འབྲས་བུའི་རྣམ་གཞག་ཇི་ལྟར་གསུང་གི་འདུག དེ་དག་སློབ་སྦྱོང་ཕྲན་བུ་བྱེད་རྒྱུ་བྱུང་ན་དངོས་འབྲེལ་སངས་རྒྱས་པའི་ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་ཏན་ཏན་ཡོང་གི་རེད། གཞན་སྐྱབས་སུ་མཆི་ཟེར་རྒྱུ་ལྟ་བུ་ཙམ་མ་གཏོགས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དེ་དག་ལག་བསྟར་བྱས་ནས་བསམ་བློ་བསྒྱུར་བ་གཏོང་བར་ལྟ་སྒོམ་སྤྱོད་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་སེམས་ལ་འགྱུར་བ་འཐེབ་རྒྱུ་ཞིག་ཏན་ཏན་ཡོད་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་སྐབས་སངས་རྒྱས་པའི་ཆོས་བོད་དུ་ཐོག་མར་དར་བ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་གསར་གཏོད་མཛད་པ་རེད། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་པའི་སྐབས་ཁྱེད་རང་ཚོར་བོད་ཡིག་ཟུར་དུ་འདུག་སྟབས། བསྟན་བཅོས་བསྒྱུར་རྒྱུ་མ་གཏོགས་ལེགས་སྦྱར་དང་པཱ་ལིའི་སྐད་སློབ་དགོས་མི་འདུག ཁྱེད་རང་ཚོར་བོད་ཡིག་ཡོད་པ་རེད། ཅེས་གསུངས་པ་རེད། ང་ཚོ་ཚང་མས་ཤེས་གསལ་རེད་དགོན་པ་ཚོའི་ནང་བཀའ་འགྱུར་དང་བསྟན་འགྱུར་ཞེས་པོ་ཏི་སུམ་བརྒྱ་ཙམ་ཡོད་པ་དེ་དག་ཚང་མ་ལེགས་སྦྱར་དང་པཱ་ལིའི་ནང་ཡོད་པ་རྣམས་བོད་ཡིག་ནང་ཚུར་བསྒྱུར་པ་རེད། ང་ཚོ་བོད་པ་ནི་ཆོས་དང་རིག་གཞུང་གང་ཅིའི་ཐད་ནས་འགན་ཆ་ཚང་འཁུར་ཐུབ་མཁན་ཞིག་རེད། རྒྱ་ནག་གུང་གྲན་གྱིས་བོད་ལ་བཙན་གནོན་བྱས་ནས་བཅིངས་གྲོལ་བཏང་བ་ཡིན་ཟེར་གྱི་ཡོད་པ་རེད། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ཉམས་ཆག་ཧ་ཅང་ཕྱིན་ཡོད། འོན་ཀྱང་བར་སྐབས་ནས་འགྱུར་བ་འགྲོ་བཞིན་འདུག རྒྱ་རིགས་ནང་ནས་བོད་ཀྱི་ལྟ་སྒོམ་སྤྱོད་གསུམ་ཐོག་དོ་སྣང་གསར་པ་ཡོང་བཞིན་ཡོད། དེར་བརྟེན་ང་ཚོ་ཚང་མས་སྙིང་སྟོབས་སྐྱེས་ནས་དགའ་ཞིང་སྤྲོ་ཞིང་ང་ཚོའི་ཆོས་དང་རིག་གཞུང་དེ་དག་བདག་པོ་རྒྱག་སྟངས་སློབ་སྦྱོང་ཕྲན་བུ་བྱེད་ཐུབ་པ་ཁྱེད་རང་ཚོའི་སེམས་ལ་ཞོག །
བོད་རིགས་གཞོན་ནུ་ཚོ་མཐོང་བའི་སྐབས་སུ་ང་ཚོའི་མདུན་ལམ་ད་དུང་ཡིན་ནའང་ཧ་ཅང་གསལ་པོ་ཡོད་པ་བློ་ལ་འཆར་ཡོང་གི་འདུག ད་བར་ཚང་མས་ཧུར་ཐག་བྱས་པ་རེད། སླད་ཀྱང་ལོ་བཅུ་ཕྲག་ཁ་ཤས་རིང་ཚང་མས་ཧུར་ཐག་བྱོས། བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་ཏན་ཏན་འགྲོ་གི་རེད། བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་བསྟན་པ་འཛམ་གླིང་ལ་ངོམས་སུ་ཆོག་པ་ཡོད་པ་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་བྱས་ཐུབ་པ་ཞིག་ཏག་ཏག་ཡོང་གི་རེད། ཁྱེད་རང་ཚོ་ཚང་མ་སེམས་སྐྱིད་པོ་བྱོས། བློ་བདེ་པོ་བྱས་ནས་སྡོད་ཨང་། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་གནང་སོང་