༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་བསྟན་སྐྱོང་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲི
དེ་ཡང་ལ་དྭགས་རང་སྐྱོང་རི་ལྗོ
གཞན་ཡང་མཛད་སྒོའི་སྐུ་མགྲོན་དུ་
དེ་རྗེས་ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་སློབ་སྟོན་པ་སྐུ་ཞབས་ཨུ
དེས་སེམས་ཤུགས་ཧ་ཅང་བསྐྱེད་ཀྱི་འདུག ཇི་ཙམ་གྱིས་སྙིང་སྟོབས་ཡོད་པའི་ཚོད་ཀྱིས་སེམས་ལ་དངངས་སྐྲག་དང་། རེ་དོགས་མང་པོ་མེད་པར་སེམས་ལ་ཞི་བདེ་ཡོང་གི་འདུག དེ་དག་ངོས་ཀྱིས་ཉམས་ལེན་བྱེད་བཞིན་ཡོད། བྱང་ཆུབ་ཀྱི་སེམས་དེ་སྟོང་ཉིད་ཀྱི་ལྟ་བ་དང་སྦྲེལ་ནས་བསམ་བློ་གཏོང་བཞིན་ཡོད། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ། བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་བཅས་དང་། དབུ་མ་བ་ལ་ཡང་ནང་གསེས་ཀྱིས་དབུ་མ་རང་རྒྱུད་པ་དང་། དབུ་མ་ཐལ་འགྱུར་བ་ཡོད་པས་ངོས་ཀྱིས་སློབ་དཔོན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་དང་བཅས་པ་ཉིན་རེ་བཞིན་དུ་ཀློག་བཞིན་ཡོད། དེར་བརྟེན་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལ་སེམས་གཏིང་ནས་ངེས་པ་རྙེད་པའི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་སྦྲེལ་ནས་ཉིན་རེ་བཞིན་དུ་ངོས་ཀྱིས་སྒོམ་གྱི་ཡོད། ཚེ་འདི་ལ་ཡིན་ནའང་། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་གསུངས་པ་དེ་ངོས་ཀྱིས་ལག་ལེན་བསྟར་གྱི་ཡོད།ཧི་མ་ལ་ཡ་རི་བརྒྱུད་ལ་བོད་ཀྱི
ངོས་རང་འཛམ་གླིང་འདིའི་སྟེང་གི་མི་ཞིག་རེད། འཛམ་གླིང་གི་མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད། བདེ་སྐྱིད་འདོད་པའི་ཐོབ་ཐང་མི་ཚང་མར་གཅིག་མཚུངས་རེད། དེར་བརྟེན་ངོས་རང་མི་ཞིག་ཡིན་པའི་ངོས་ནས་འཛམ་གླིང་འདིའི་སྟེང་བདེ་སྐྱིད་ཡོད་པ་དང་། དམག་འཁྲུག་མེད་པ། ཕན་ཚུན་འཆམ་མཐུན་ཅན་གྱི་འཛམ་གླིང་ཞིག་ཡོང་ཐུབ་ན་བསམ་ནས་འབད་བརྩོན་བྱེད་བཞིན་ཡོད།
ངོས་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དེའང་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་བྱས་པར་བརྟེན་ཞི་བདེའི་གཟེངས་རྟགས་ཐོབ་པ་རེད། ངོས་ཀྱིས་ངོ་ཤེས་པ་མང་པོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་དང་ཆབས་ཅིག་འཛམ་གླིང་འདིར་རིམ་པས་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་ང་ཚོའི་དཔེ་ཆའི་ནང་དུ་ཡོད་པ་མ་ཟད། ཚན་རིག་པས་ཀྱང་བཤད་ཀྱི་འདུག ངོས་ཀྱི་ཉམས་མྱོང་གི་ཐོག་ནས་ཡིན་ནའང་ངོས་རང་ཆུང་ཆུང་སྐབས་སུ་ལྷ་སའི་ཉེ་འཁོར་གྱི་རི་རྒྱུད་དུ་དགུན་ཁ་གངས་མང་ཙམ་སྡོད་ཀྱི་རེད། ངོས་ཀྱི་མི་ཚེ་འདི་རང་གི་ནང་དུ་གངས་ཉུང་དུ་ཉུང་དུ་ཕྱིན་སོང་། འཛམ་གླིང་གི་ཚ་དྲོད་རང་བཞིན་གྱིས་ཤུགས་ཆེ་རུ་འགྲོ་བཞིན་པ་ཞིག་རེད། དེར་བརྟེན་ཁོར་ཡུག་ལ་ཤིང་སྣ་འདེབས་འཛུགས་བྱེད་རྒྱུ་དང་། ནགས་ཚལ་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྔོན་མ་ལས་དེང་སང་ལ་དྭགས་སུ་སྔོ་ལྗང་ཧ་ཅང་མང་དུ་ཕྱིན་འདུག ཧ་ཅང་ཡག་པོ་རེད། ད་དུང་ཁོར་ཡུག་ཡག་པོ་ཡོང་བ་ལ་ཚང་མས་དོ་སྣང་ཤུགས་ཆེ་ཙམ་བྱས་ཏེ་ཧུར་ཐག་བྱེད་རོགས།འདིར་གཙང་པོ་སེངྒེ་ཁ་འབབ་ཡོད་པ་རེད། འདིར་ག་ཚོད་ཐུབ་ཐུབ་ཀྱིས་སྲུང་སྐྱོབ་དང་ཁོར་ཡུག་སྔོ་ལྗང་ཡོང་བ་ལ་ཁྱེད་རང་ཚོས་འབད་བརྩོན་བྱེད་དགོས། ངོས་ཀྱི་མི་རབས་འདིར་འཛམ་གླིང་གི་ཚ་དྲོད་མཐོ་བོ་སླེབས་པ་ཕལ་ཆེར་མཐོང་གི་མ་རེད། ང་ཚོའི་མི་རབས་རྗེས་མ་ཚོའི་སྐབས་སུ་འཛམ་གླིང་གི་ཚ་དྲོད་ཆེ་རུ་ཕྱིན་ནས་ཆུ་དཀོན་པོ་དང་། སྔོ་ལྗང་གི་རིགས་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། མི་རབས་རྗེས་མའི་དོན་དུ་ད་ལྟའི་མི་རབས་འདིས་དོ་སྣང་བྱེད་དགོས་པ་ཞིག་རེད།
མཐའ་དོན་དེ་རིང་འདིར་ངོས་ལ་གཟེངས་རྟགས་གསོལ་རས་གནང་བ་རེད། དངོས་གནས་དྲང་གནས་ཁྱོད་རང་ཚོའི་དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་གཟེངས་རྟགས་གནང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྡ་རམ་ས་ལར་ཆར་ཞོད་ཆེ་བར་བརྟེན་བཞའ་རླན་ཧ་ཅང་འདུག ལ་དྭགས་སུ་ས་སྐམ་པོ་དང་རྡ་རམ་ས་ལ་ལྟ་བུ་བཞའ་རླན་མེད་སྟབས། ངོས་རང་འདིར་གུང་གསེང་ལྟ་བུར་ཡོང་གི་ཡོད། ད་རེས་འདིར་ཡོང་པ་རེད། ཁྱེད་རང་ཚོ་དངོས་གནས་དྲང་གནས་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པར་བརྟེན་ངོས་རང་ཧ་ཅང་དགའ་པོ་བྱུང་། རྒྱ་ཐང་དུ་ཆར་ཞོད་ཆེན་པོ་ཚུགས་པའི་སྐབས་སུ་ངོས་རང་ལ་དྭགས་སུ་ཡོང་རྒྱུ་འདོད་པ་ཆེན་པོ་ཡོད། ཁྱེད་རང་ཚོ་ཡང་ཡང་ཐུག་གི་རེད། བཀྲ་ཤིས་བདེ་ལེགས་ཞེས་ཞུ་རྒྱུན་ཡིན།
ངོས་རང་ལོ་བསྟར་ཆགས་འདིར་ཡོང་གི་རེད། ཁྱེད་རང་ཚོ་སེམས་སྐྱིད་པོ་བྱས་ནས་སྡོད་ཨང་། གཙོ་ཆེ་ཤོས་སློབ་སྦྱོང་ཡག་པོ་བྱེད་དགོས། སློབ་སྦྱོང་ཡག་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ནང་པ་ཚོས་ནང་པ་སངས་རྒྱས་པའི་ཆོ
སྤྱིར་འདི་ལོའི་དཔལ་རྔམ་དུས་སྟོ