༄༅། །ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༧ ཉིན་ཀརནཱ་ཊཀ་མངའ་སྡེའི་(དེ་སྔ་མེ་སོར་མངའ་སྡེ་) སྤྱི་ཁྱབ་བློན་ཆེན་ཟུར་པ་འདས་པོ་དམ་པ་སྐུ་ཞབས་ནི་ཅི་ལིང་གྷ་པ་(Shri S. Nijalingkappa) མཆོག་གི་བང་སོ་ལ་གུས་འདུད་ཞུས་གནང་ཡོད།
སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་ལྷན་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་དང་ལྷོ་སྤྱི་ལས་ཁུངས་ཀྱི་རྩིས་པ་བསྟན་འཛིན་བསོད་ནམས་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།
ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཀརནཱ་ཊཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དམ་པ་སྐུ་ཞབས་ནི་ཅི་ལིང་གྷ་པ་མཆོག་གི་བང་སོ་ལ་གུས་འདུད་ཞུས་གནང་བ།
གསར་གནས།
འབྲེལ་གནས།