༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་གྲངས་ཐོ་ཚན་པའི་གནས་ཚུལ་གཞིར་བཞག་ལྟར་ན། ན་ནིང་ལོའི་གཞུང་འབབ་རྩིས་ལོ་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁྲོད་དུ་ཕོ་བའི་གཉན་ནད་མང་ཤོས་ཨང་གསུམ་པ་ཆགས་ཡོད་པ་འཁོད་ཡོད། དེར་བརྟེན་འཕྲོད་བསྟེན་ལས་ཁུངས་ཀྱི་འཕྲོད་བསྟེན་ཤེས་ཡོན་དང་སྦྱོང་བརྡར་ཚན་པའི་ངོས་ནས་གྲངས་ཐོ་དེ་དངོས་ཡོད་གནས་ཚུལ་དུ་བརྩིས་ཏེ་ས་གནས་འཕྲོད་བསྟེན་སྨན་ཁང་ཡོངས་དང་མཉམ་འབྲེལ་གྱིས་ཧོན་སུར་རབ་རྒྱས་གླིང་དང་། བདེ་སྐྱིད་གླིང་། དགེ་འཕེལ་གླིང་། རཱཇ་སྤུར། རཱཇ་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭ མན་སྤར་ཕན་བདེ་གླིང་། སྦིར། དོན་གྲུབ་གླིང་། སྦན་ད་ར་ནོར་རྒྱས་གླིང་། སྤོན་ཊ་ཆོལ་གསུམ། ལ་དྭགས། ལྡི་ལི། ཀོ་ལི་གྷལ་དོན་ལྡན་གླིང་། མེའོ་ཆོས་འཕེལ་གླིང་བཅས་བོད་མིའི་གཞིས་ཆགས་གྲངས་ ༡༤ དང་། ཚོགས་པ་ཁག་ཏུ་གྲྭ་བཙུན་དང་། སློབ་ཕྲུག དེ་བཞིན་མི་མང་ཁྱོན་བསྡོམས་གྲངས་ ༡༨༤༡ ལ་ཕོ་བའི་གཉན་ནད་དང་ཕོ་བའི་འབྲས་ནད་ཀྱི་གོ་རྟོགས་རྒྱ་ཆེ་སྤེལ་གནང་ཡོད། །
ཨང་། | ས་གནས། | མཉམ་ཞུགས་པ། |
༡ | ཧོན་སུར་རབ་རྒྱས་གླིང་། | ༤༠ |
༢ | བདེ་སྐྱིད་གླིང་། | ༣༡༨ |
༣ | དགེ་འཕེལ་གླིང་། | ༤༦ |
༤ | རཱཇ་སྤུར་བུད་མེད་མཉམ་ལས་བཟོ་གྲྭ | ༧༠ |
༥ | རཱཇ་སྤུར། | ༢༦ |
༦ | མན་སྤར་ཕན་བདེ་གླིང་། | ༥༠ |
༧ | སྦིར། | ༡༥༢ |
༨ | དོན་གྲུབ་གླིང་། | ༢༨ |
༩ | སྦན་ད་ར་ནོར་རྒྱས་གླིང་། | ༡༢༣ |
༡༠ | སྤོན་ཊ་ཆོལ་གསུམ། | ༧༢ |
༡༡ | ལ་དྭགས། | ༥༤༠ |
༡༢ | ལྡི་ལི། | ༢༢ |
༡༤ | ཀོ་ལི་གྷལ་དོན་ལྡན་གླིང་། | ༨༤ |
༡༢ | མེའོ་ཆོས་འཕེལ་གླིང་། | ༢༧༠ |