༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་སྒྲོལ་མ་ལགས་དང་ངག་དབང་འོད་ཟེར་ལགས་གཞུང་འབྲེལ་ཐོག་རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་དོན་གྲུབ་གླིང་དང་། བདེ་སྐྱིད་གླིང་། སྤོན་ཊ་ཆོལ་གསུམ། ལ་ཁན་ཝ་ལ། མན་ཌུ་ཝ་ལ་བཅས་ཀྱི་ས་གནས་འཕྲོད་བསྟེན་སྨན་ཁང་ཁག་ཏུ་འཕྲོད་བསྟེན་གྲངས་ཐོ་དང་འབྲེལ་བའི་སྐོར་རྟོག་ཞིབ་གནང་དུ་ཕེབས་ཡོད།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་སྒྲོལ་མ་ལགས་དང་ངག་དབང་འོད་ཟེར་ལགས་ཀྱིས་གོང་འཁོད་ས་གནས་ཀྱི་འཕྲོད་བསྟེན་སྨན་ཁང་ཁག་ཏུ་ས་གནས་བོད་མིའི་འཕྲོད་བསྟེན་གྲངས་ཐོའི་གནས་སྟངས་ལ་རྟོག་ཞིབ་དང་། དེ་བཞིན་གློ་ནད་ (TB) སྨན་བཅོས་ཀྱི་མཐུན་རྐྱེན་དང་། གློ་ནད་ཕོག་པའི་ནད་པའི་གྲངས་ཐོ་དང་དཀའ་ངལ་སོགས་ལ་རྟོག་ཞིབ་གནང་ཡོད་པ་མ་ཟད། མིག་དང་རྣ་བ་ནད་པའི་སྨན་སྒར་དགོས་མཁོའི་གྲངས་ཐོ་སོགས་ལའང་རྟོག་ཞིབ་གནང་ཡོད་པ་བཅས།།