༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་དང་ཨ་རིའི་རོགས་ཚོགས་ (PRM) ཀྱི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༢༦ ནས་ ༢༨ བར་ཉིན་གྲངས་གསུམ་རིང་མྱོས་རྫས་ལོག་སྤྱོད་བསྐྱར་ཞིབ་དང་སློབ་གྲྭའི་མདུན་ལམ་སློབ་སྟོན་པ་རྣམས་ཀྱི་ཚོགས་འདུ་ལེགས་པར་གྲོལ་རྗེས་མོན་གྷོ་སཾ་བྷོ་ཌ་གཏན་སློབ་ཀྱི་མདུན་ལམ་སློབ་སྟོན་པ་རྣམ་རྒྱལ་སྒྲོལ་མ་ལགས་ཀྱིས་ཕྱི་ཟླ་ ༠༨ ཚེས་ ༠༥ ཉིན་སློབ་གྲྭའི་དགེ་རྒན་རྣམས་ལ་མྱོས་རྫས་ལོག་སྤྱོད་སྔོན་འགོག་སྐོར་སྦྱོང་བརྡར་དང་སྤྱན་བསྟར་གནང་ཡོད།
ཟབ་སྦྱོང་གི་དམིགས་ཡུལ་ནི། སློབ་གྲྭའི་འཛིན་སྐྱོང་དང་དགེ་རྒན་རྣམས་ལ་མྱོས་རྫས་ལོག་སྤྱོད་དམ་མྱོས་རྫས་ལང་ཤོར་སྔོན་འགོག་སྐོར་གོ་རྟོགས་སྤེལ་ཐབས་སུ་ཡིན་པ་བཅས།།