༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་བརྒྱུད་ཨ་རི་བོད་ཀྱི་ཐེབས་རྩའི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༠༨ ནས་ ༢༣ བར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འཕྲོད་བསྟེན་སྨན་ཁང་གིས་རིན་མེད་ཐོག་མིག་བརྟག་དཔྱད་དང་གཤག་བཅོས་ཀྱི་ལས་གཞི་སྤེལ་གནང་བ་དང་འབྲེལ་བོད་མི་གྲངས་ ༡༠༩ ལ་བརྟག་དཔྱད་གནང་བའི་ཁྲོད་ནས་མིག་གི་ནད་པ་གྲངས་བཅུ་དགུ་ལ་སྨན་བཅོས་གནང་དགོས་པའི་ལམ་སྟོན་གནང་ཡོད།
དེ་ཡང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འཕྲོད་བསྟེན་སྨན་ཁང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༢༥ ཉིན་སྨན་ཞབས་པ་གཉིས་ཆེད་མངགས་ཀྱིས་ས་གནས་ཀྱི་ཨེམ་ཨེམ་ཇོ་ཤི་མིག་གི་སྨན་ཁང་ ( MM Joshi Eye Hospital) དུ་མིག་གཤག་བཅོས་དང་སྨན་བཅོས་གནང་དགོས་མཁན་གྱི་མི་གྲངས་ ༡༩ ལ་རམ་འདེགས་ཞུས་གནང་ཡོད།
གཞན་ཡང་མིག་གི་སྨན་པ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆེད་ཕེབས་ཀྱིས་མིག་གཤག་བཅོས་ཟིན་པའི་ནད་པ་རྣམས་ལ་སླར་ཡང་བརྟག་དཔྱད་གནང་ཡོད་པ་དང་། དེ་ལ་བརྟེན་ནས་ད་ཆ་མིག་གཤག་བཅོས་བཏང་ཟིན་པའི་ནད་པ་གྲངས་བཅུ་དགུའི་མིག་གི་གནས་སྟངས་ཡར་རྒྱས་སུ་ཕྱིན་ཡོད་པ་བཅས།།