༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༩ ཉིན་ནིའུ་ཡོག་དང་ནིའུ་འཇར་སིའི་ མདོ་སྨད་ས་གནས་རྒྱུན་ལས་ཀྱིས་གོ ་སྒྲིག་འོག ནིའུ་ཡོག་ས་གནས་བོད་རིགས་སྤྱི་ མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོ གས་སྡེ་བཞིའི་ནང་སྤྱི་ནོར་༸གོང་ ས་༸སྐྱབས་མགོན་མཆོག་གི་བོད་ལུ གས་ཀྱི་༸སྐུའི་འཁྲུངས་སྐར་སྲུང་ བརྩི་ཞུས་པའི་ཐོག སྐུ་མགྲོན་གཙོ་བོར་བཀའ་ཟུར་༸སྐྱ བས་རྗེ་ཀིརྟི་རིན་པོ་ཆེ་མཆོག་ དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡ ན་བོད་མི་མང་སྤྱི་འཐུས་ཚོགས་གཙོ ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོ ག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་ གདན་ཞུས་ལྟར་ཆེད་ཕེབས་དང་། གཞན་ཡང་སྤྱི་འཐུས་ཁག་ཅིག་དང་། དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་ བཀྲ་ཤིས་དོན་གྲུབ་ལགས། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོ གས་གཙོ་གཙོས་པའི་ཚོགས་སྐྱིད་ཁག་ གི་ལས་སྣེ་རྣམ་པ། ནིའུ་ཡོག་དང་ནིའུ་འཇར་སིའི་མདོ་ སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་ གཙོ་རྒྱུན་ལས་རྣམ་པ། རྒྱ་ཆེའི་མང་ཚོགས་བཅས་ཕེབས་འདུ ག
སྐབས་དེར་དམིགས་བསལ་སྐུ་མགྲོན་ དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོ གས་གཞོན་སྒྲོལ་མ་ཚེ་རིང་མཆོག་གི ས་འཚམས་འདྲི་དང་སྦྲགས་གསུང་བཤད་ གནང་དོན། ང་རང་ཚོའི་ཧ་ཅང་ཉག་ཕྲ་བའི་གནས་ སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གིས་དགུང་ གྲངས་བཅུ་དྲུག་ཐོག་ཆབ་སྲིད་ཀྱི་ ཐུགས་འགན་བཞེས་པ་ནས་བཟུང་ད་བར་ བོད་རྒྱལ་ཁབ་དང་། མི་རིགས་ཀྱི་ཆེད་དུ་བཀའ་དྲིན་ གང་བསྐྱངས་པ་རྣམས་ང་ཚོས་མ་ཤེས་ པ་ཡིན་ན་ང་ཚོ་རྩམ་ཟན་བོད་མི་ཡི ན་ཟེར་བ་དེ་གོ་མ་ཆོད་པ་རེད་བསམ་ གྱི་ཡོད། བོད་ས་ཡོངས་རྫོགས་རྒྱ་ནག་དམར་ གཞུང་གི་བཙན་དབང་འོག་ཚུད་པའི་སྐ བས་དེར་མགོན་པོ་གང་ཉིད་མཆོག་དགུ ང་གྲངས་བཅུ་དྲུག་ལས་མ་སོན་ཡང་རྒྱ ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ དང་ལྷན་མེས་འཚེག་མེར་གཏུག་གིས་ ཐོག་ནས་བོད་མི་རིགས་ཀྱི་ངོ་བོ་ དེ་རྩ་བརླག་མ་འགྲོ་བའི་ཐོག་ལ་སྐུ ་ལས་བསྐྱོན་གནང་ཡོད་ཀྱང་། རྒྱ་ནག་དམར་གཞུང་གིས་ངན་བྱུས་ བཤམས་ཏེ་ཕོ་བྲང་པོ་ཏཱ་ལར་མེ་སྒྱོ གས་བརྒྱབ་པའི་སྐབས་དེར་༸གོང་ས་ མཆོག་རྒྱ་གར་ལ་བཙན་བྱོལ་དུ་མ་ཕེ བས་དཀའ་མེད་བྱུང་བ་རེད།
དེ་རྗེས་ང་ཚོ་མགོན་པོ་གང་ཉིད་ མཆོག་གི་རྗེས་སུ་བསྙེགས་ནས་མིའི ་ལུང་པར་སྐྱབས་བཅོལ་སླེབས་བསྡད་ པ་ཆགས་ཀྱི་ཡོད་རེད། སྤྱིར་བོད་ནང་བཞུགས་པའི་སྐབས་སུ འང་༸གོང་ས་མཆོག་གིས་སྔོན་མའི་བོ ད་གཞུང་དེ་ཉིད་མང་གཙོའི་ལམ་ལུ གས་ལ་བསྒྱུར་བཅོས་གནང་རྒྱུའི་ཐོ ག་འབད་བརྩོན་གནང་ཡང་། རྒྱ་ནག་དམར་གཞུང་གིས་བོད་ས་ཡོ ངས་རྫོགས་ཧམ་བཟུང་བྱ་རྒྱུའི་ འཆར་གཞི་ཡོད་པར་བརྟེན་དེ་ལྟར་ ལམ་ལྷོངས་བྱུང་ཐུབ་མེད། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་ཕྱི་ལོ ་ ༡༩༦༠ ལོར་མང་གཙོའི་ལམ་ལུགས་ཐོག་བསྐྱོ ད་རྒྱུར་གོམ་པ་དང་པོ་དེ་སྤོས་ཡོ ད་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ ལོ་བཅས་སོ་སོར་བོད་ཀྱི་ཆགས་འཇི ག་གི་གནས་སྟངས་སྐོར་འཛམ་གླིང་ མཉམ་སྦྲེལ་རྒྱལ་ཚོགས་ལ་ཞུ་གཏུ གས་གནང་བ་དང་། ཕྱི་ལོ་ ༡༩༥༩ ནས་ ༧༩ བར་བོད་གཞུང་ནས་རང་བཙན་རྩོད་ཡོ ད་ཀྱང་། གྲུབ་འབྲས་གང་ཡང་མ་ཐོན་སྟབས། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཁྲི མས་དོན་མཁས་དབང་དང་། གྲོས་ལ་དབང་བའི་མི་སྣ་རྣམས་དང་ ལྷན་བཀའ་བསྡུར་ལྷུགས་པོ་གནང་རྗེ ས། ང་ཚོའི་བོད་ཀྱི་གནད་དོན་གསལ་རྒྱུ ར་རྒྱ་ནག་མཉམ་དུ་སྐད་ཆ་མ་བཤད་ པར་ཡོང་ཐབས་མེད་པར་གཟིགས་ཏེ། རྒྱ་ཆེའི་མང་ཚོགས་བརྒྱུད་གཉིས་ སྨན་དབུ་མའི་ལམ་གྱི་སྲིད་བྱུས་ གཏན་ལ་ཕབ་པ་དང་། དེ་བཞིན་བཙན་བྱོལ་བོད་མིའི་སྒྲི ག་འཛུགས་ནས་གཉིས་སྨན་དབུ་མའི་ ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ འི་དཀའ་རྙོག་སེལ་ཐབས་བྱེད་བཞིན་ ཡོད།
ངས་ཞུ་དོན་སྙིང་པོར་སྤྱི་ནོར་༸ གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ གིས་དགུང་གྲངས་བཅུ་དྲུག་ནས་དུས་ ད་ལྟ་བར་དུ་བོད་མི་རིགས་ཀྱི་ངོ་ བོ་དང་། བོད་མི་རིགས་ཀྱི་མཚོན་རྟགས། ཁོག་པའི་སྙིང་དང་དཔྲལ་བའི་མིག། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ ཀྱི་ངོ་བོར་འཚོ་ཞིང་བཞུགས་པ་དེ་ ང་རང་ཚོ་ཚང་མའི་བསོད་ནམས་དང་། ང་རང་ཚོ་ཡིན་ནའང་། ཕྱི་ལ་ངོམ་རྒྱུ་དང་། ནང་ལ་བསྟན་རྒྱུ་ཡོད་པ་དེ་ཁོང་ ལས་ལྷག་པ་ཞིག་མེད་པ་དང་། ང་རང་ཚོ་གང་དུ་བཞུགས་པ་ཡིན་ནའང་ སྤྱི་ཚོགས་འདྲ་འདྲའི་ནང་ནས་མ་ འདྲ་བ་ཞིག་བྱུང་བ་དེ་ཡང་མགོན་པོ ་གང་ཉིད་མཆོག་གི་བཀའ་དྲིན་ཉག་ཅི ག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་དུ ས། ང་རང་ཚོ་ཚང་མས་ཁོང་གི་བཀའ་དྲིན་ བསམ་ཤེས་ངེས་པར་དུ་བྱེད་དགོས། བཀའ་དྲིན་རྗེས་དྲན་ཞུ་རྒྱུར། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལ་ སློབ་སྦྱོང་དང་། ལམ་སྟོན་ཐོག་ཤར་བསྐྱོད་བྱས་པ་ཡི ན་ན་བསླུ་བ་གང་ཡང་ཡོང་གི་མ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གིས་ང་ཚོར་བོད་མིའི་ སྒྲིག་འཛུགས་ཞེས་པ་གསོལ་སྩལ་དང་ ། དེ་བཞིན་གཞུང་འབྲེལ་མིན་པའི་སྒྲི ག་འཛུགས་ཞེས་མང་གཙོའི་ལམ་ལུགས་ ནང་གཞུང་དང་གཞུང་འབྲེལ་མིན་པའི་ སྒྲིག་འཛུགས་ལ་སོ་སོའི་ལམ་སྲོལ་ ལྟར་ཤར་བསྐྱོད་བྱེད་ཐུབ་རྒྱུ་ཡོ ད་པ་དེ་གང་རེད་ཅེས་ཞུས་པ་ཡིན་ན། གཞུང་གིས་གནང་ཐུབ་པ་ཞིག་ཡོད་རེ ད།
གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོ གས་པའི་ངོས་ནས་གནང་སྟངས་གཞན་ཞི ག་དང་། རིགས་གཅིག་གནང་བདེ་པོ་ཞིག་ཡོད་ རེད། ཡང་སྙིང་བོད་མི་རིགས་ཀྱི་འཐབ་རྩོ ད་ཐོག་གཞུང་དང་གཞུང་འབྲེལ་མ་ཡི ན་པ་ཚང་མས་ནུས་པ་མཉམ་སྤུངས་གནང་ དགོས་པ་གལ་ཆེན་པོ་ཆགས་ཀྱི་ཡོད་ རེད། དེ་ཡིན་དུས་གཞུང་གི་ལངས་ཕྱོགས་ དེ་དབུ་མའི་ལམ་རེད། སྒེར་སོ་སོའི་ངོས་ནས་ཆབ་སྲིད་ཀྱི ་ལངས་ཕྱོགས་གང་ཡང་རུང་བ་འཛིན་རྒྱུ འི་ལམ་ཁ་ཞིག་ཡོད་བསྡད་པ་རེད། འོན་ཀྱང་ང་རང་ཚོ་བོད་མི་ནང་ཁུལ་ རྩོད་ནས་བསྡད་དེ་ལ་རྒྱབ་ཏུ་ཡོད་ པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱ ལ་ཁབ་ལ་གདོང་ལེན་བྱ་རྒྱུའི་ཐོག་ སྣང་མེད་བཞག་ནས་བསྡད་ན་མགོན་པོ་ གང་ཉིད་ཀྱི་བཀའ་རྩ་བ་ནས་འགྲུབ་ ཀྱི་ཡོད་མ་རེད་ཅེས་སོགས་ཀྱི་གསུ ང་བཤད་གནང་བ་དང་།
དེ་རྗེས་དཔལ་ལྡན་ཚོགས་གཙོ་མཁན་ པོ་བསོད་ནམས་བསྟན་འཕེལ་མཆོག་གི ས་སྐུ་མགྲོན་ཡོངས་ལ་འཚམས་འདྲི་ དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་ཕུལ་བྱུ ང་གི་མཛད་རྗེས་སྐོར་ལ་གསུང་བཤད་ གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གི་མཛད་པ་འཕྲིན་ལས་ནི ་ཧ་ཅང་གི་རྒྱ་ཆེན་པོ་དང་། གཏིང་ཟབ་པོ་ཞིག་ཆགས་བསྡད་ཀྱི་ཡོ ད་རེད། ང་ལྟ་བུ་ཞིག་གིས་ཇི་མ་ཇི་བཞིན་ ཞུ་ཐུབ་ཀྱི་མ་རེད་ལ། དུས་ཚོད་ཀྱི་ཆ་ནས་ཀྱང་ཁག་པོ་རེ ད་འདུག ངས་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱ བས་མགོན་ཆེན་པོ་མཆོག་གི་ཆབ་སྲི ད་དང་། ཆོས་ཕྱོགས། སྤྱི་ཚོགས་བཅས་གསུམ་དང་འབྲེལ་ བའི་མཛད་འཕྲིན་མདོར་བསྡུས་ཙམ་ཞི ག་རྣམ་པ་ཚོར་སྙན་གསན་ཞུས་ན་བསམ་ བྱུང་། དང་པོ་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་འཕགས་མཆོག་སྤྱ ན་རས་གཟིགས་མིའི་གཟུགས་སུ་བྱོན་ པ། གངས་ཅན་བོད་མི་ཡོངས་ཀྱི་ལྷ་སྐལ། བོད་མི་སྤྱི་མཐུན་གྱི་བསོད་ནམས་ དང་། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་ གཅིག་ཏུ་བསྡུས་ནས་ང་ཚོ་གངས་ཅན་ པ་ཡོངས་ཀྱི་ལྷ་སྐལ་དུ་བྱོན་པ་དེ ་ཧ་ཅང་གི་བསྐལ་པ་བཟང་པོ་ཞིག་དང་ ། ང་ཚོ་མགོན་པོ་གང་ཉིད་ཀྱི་ཞབས་འོ ག་ཏུ་གནས་ཐུབ་པ་དེར་ང་ཚོའི་ངོས་ ནས་བསོད་ནམས་བསགས་པ་ཞིག་ལ་ངོས་ འཛིན་བྱེད་ཐུབ་དགོས་པ་དེ་གལ་ཆེ ན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གིས་ནང་ཆོས་ཟེར་བ་དེ ར་སྡེ་ཚན་འདྲ་པོ་ནང་ཆོས་ཀྱི་ཚན་ རིག་དང་། ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཞེས་སྡེ་ཚན་གསུམ་ལ་དབྱེ་ བ་ཕྱེ་ནས་འཛམ་གླིང་སྟེང་འགྲེལ་ བཤད་བསྐྱོན་པ་དང་། ཚན་རིག་པ་རྣམས་དང་བགྲོ་གླེང་ གནང་བ་དེས་རྒྱལ་སྤྱིའི་སྟེང་ནང་ ཆོས་ཐོག་དོ་སྣང་སླེབས་ཐུབ་ཡོད་ པ་དང་། སྔོན་མ་ཡིན་ན། ནུབ་ཕྱོགས་པས་བོད་ཀྱི་ནང་ཆོས་ལ་ བླ་མའི་ཆོས་ལུགས་ཞེས་པའི་ཐ་སྙད་ དེ་འདྲ་བེད་སྤྱོད་བཏང་ཡོད་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གི་དེ་འདྲའི་རྣམ་དཔྱོ ད་ཐོག་ནས་ནུབ་ཕྱོགས་པའི་ཚན་རིག་ པ་དང་མཉམ་དུ་བགྲོ་གླེང་སོགས་ གནང་བའི་ཐོག་ནས་ནང་ཆོས་ཟེར་བ་དེ ་རྒྱུ་མཚན་ཡོད་པ་ཞིག་ལ་བལྟ་ཐུབ་ ཡོད་པ་མ་ཟད། དེང་སང་ནང་ཆོས་ཟེར་ཡོང་དུས་དཔལ་ ན་ལེནྜ་ནས་བྱུང་བའི་ལྟ་གྲུབ་དང་ རྒྱུ་མཚན་ཚད་ལྡན་ཡོད་པ་ཞིག་ངོས་ འཛིན་ཡོང་ཐུབ་པ་དེ་དག་༸གོང་ས་ མཆོག་གི་མཛད་པ་འཕྲིན་ལས་ལ་བརྟེ ན་ནས་བྱུང་བ་ཞིག་ཆགས་བསྡད་ཡོད་ རེད། དེ་བཞིན་ནང་ཆོས་ཉམས་ལེན་གནང་ཕྱོ གས་ལ། དབང་རྟུལ་དད་པའི་རྗེས་འབྲངས་དང་ ། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཞེ ས་སྡེ་ཚན་གཉིས་ལ་ཕྱེ་ཡི་ཡོད་པ་ དང་། དེ་ཡང་སློབ་དཔོན་དབྱེག་གཉེན་གྱི ས་ “སྟོན་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པ་བྱེད་པ་ཁོ་ན་ཡིན།།” ཞེས་གསུངས་པ་ལྟར་༸གོང་ས་མཆོག་གི ས་དུས་རྒྱུན་དུ་ནང་ཆོས་ལ་སློབ་ སྦྱོང་གནང་དགོས་རེད་ཅེས་བཀའ་སློ བ་ཕེབས་ཀྱི་ཡོད་རེད། ནང་ཆོས་ལ་སློབ་གཉེར་གནང་ན་དེའི་ རྒྱུ་མཚན་ཤེས་པ་དང་། རྒྱུ་མཚན་ཤེས་སོང་བ་ཡིན་ན་སངས་ རྒྱས་ཀྱི་བསྟན་པ་ཡུན་རིང་པོར་ གནས་ཐུབ་རྒྱུར་ཕན་ཐོགས་ཡོད་རེད་ ཅེས་བཀའ་སློབ་ཕེབས་པར་བརྟེན་ནས་ བཙན་བྱོལ་ནང་དགེ་བཤེས་མ་ཐོན་ཐུ བ་པ་སོགས་༸གོང་ས་མཆོག་གིས་བཀའ་ སློབ་དང་། སྐུལ་ལྕག་གནང་བར་བརྟེན་ནས་བྱུང་ བ་ཆགས་བསྡད་ཀྱི་ཡོད་རེད། སྤྱིར་བོད་ཀྱི་ལོ་རྒྱུས་ནང་དུས་ རབས་བདུན་པར་ནང་ཆོས་དར་བ་ནས་བཟུ ང་སྐབས་དུས་སོ་སོར་ཉམས་ཆགས་མང་ པོ་ཞིག་བྱུང་ཡོད་ཀྱང་། གང་ལྟར་བཤད་སྒྲུབ་གཉིས་ཀྱི་སྒོ་ ནས་ཚགས་ཚུད་པ་ཞེ་དྲག་ཉར་ཚགས་ཐུ བ་པ་བྱུང་ཡོད་རེད། དེ་བཞིན་བཙན་བྱོལ་ནང་ལོ་ངོ་ ༦༣ རིང་ནང་ཆོས་ཟེར་བ་དེ་བཤད་སྒྲུབ་ གཉིས་ཀྱི་ཐོག་ནས་འཛམ་གླིང་ཐོག་ སྟོན་ཐུབ་པ་མ་ཟད། ནང་ཆོས་ཟེར་བ་དེ་རྒྱལ་སྤྱིའི་ ནང་རིག་གཞུང་རྩ་ཆེན་པོ་ཞིག་ལ་ངོ ས་འཛིན་ཐོབ་ཐུབ་པ་དེ་གཙོ་བོ་སྤྱི ་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ ་མཆོག་གི་མཛད་པ་འཕྲིན་ལས་ལ་བརྟེ ན་ནས་བྱུང་བ་ཡིན་དུས་ང་ཚོའི་ངོ ས་ནས་དེ་ཚོར་སློབ་སྦྱོང་བྱས་ནས་ ནང་ཆོས་ཀྱི་སྙིང་པོ་ལེན་ཐུབ་དགོ ས་པ་དེ་གལ་ཆེན་པོ་རེད་འདུག
ཆབ་སྲིད་ཐོག་ལ་ཞུས་ན། ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་གཞུང་གིས་བོད་ལ་ བཙན་འཛུལ་བྱེད་འགོ་བཙུགས་པ་དང་། བོད་ཀྱི་ཆབ་སྲིད་ཉག་ཕྲ་བའི་སྐ བས་སུ་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༠ ལོར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ ཤིང་། ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ལ་ཕེབས་ཏེ་རྒྱ་ནག་གི ་འགོ་ཁྲིད་རྣམས་དང་ལྷན་བཀའ་བསྡུ ར་གནང་བ་དང་། དེ་རྗེས་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་ལ་ཕེབས་ནས་རྒྱ་གར་གྱི ་འགོ་ཁྲིད་རྣམས་དང་ལྷན་བཀའ་བསྡུ ར་གནང་བའི་ཐོག་ནས་༸སྐྱབས་མགོན་ རིན་པོ་ཆེས་དགོངས་པ་རྒྱ་ཆེན་པོ་ བཞེས་ཏེ། བོད་ཟེར་བ་དེར་སོ་སོའི་ལོ་རྒྱུ ས་ཡོད་པ་དང་། རིག་གཞུང་ཡོད་པ། དེ་འདྲའི་གནས་སྟངས་ཐོག་ནས་འཛམ་ གླིང་ནང་དོ་སྣང་སླེབས་ཐུབ་རྒྱུ ར་དགོངས་པ་བཞེས་ནས་བོད་ནང་ཆབ་སྲི ད་སྐྱོང་ཕྱོགས་ཐད་སྔོན་མའི་ལམ་ ལུགས་ལ་བསྒྱུར་བ་བཏང་སྟེ་ལེགས་ བཅོས་ཚོགས་ཆུང་བཙུགས་པ་སོགས་དེ་ སྔའི་ཆབ་སྲིད་དང་འཛིན་སྐྱོང་ གནང་ཕྱོགས་ལ་བསྐྱར་བཅོས་གནང་རྒྱུ འི་དགོངས་པ་མང་པོ་ཞིག་བྱུང་བ་རེ ད། སྟབས་མི་ལེགས་པ་ཞིག་ལ་རྒྱ་ནག་ དམར་གཞུང་གིས་བོད་ས་བཙན་བཟུང་བྱེ ད་འགོ་བཙུགས་ཟིན་པ་དང་། མཐར་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་དམར་གཞུང་གིས་༸གོང་ ས་མཆོག་གི་སྐུ་ཕྱྭར་བཟློ་བའི་ ངན་བྱུས་བཤམས་པ་དང་། དེ་བཞིན་བོད་མི་ཚོས་ཞི་བའི་སྒེ ར་ལངས་གནང་བ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་བཙན་བྱོལ་ནང་ཕེབས་དགོ ས་བྱུང་བ་དང་། བཙན་བྱོལ་ནང་ཞབས་སོར་འཁོད་རྗེས། ཕྱི་ལོ་ ༡༩༦༠ ནང་གནས་མཆོག་རྡོ་རྗེ་གདན་དུ་བོ ད་མི་རྣམས་འཛོམས་ནས་ཆོས་ལུགས་ཆོ ལ་གསུམ་དང་བཅས་པས་བླང་དོར་ཞུ་བྱ འི་མནའ་གན་མཐུ་མོ་ཆེ་བཞག་པ་དང་། ཚང་མས་དུས་དེ་ནས་བཟུང་༸གོང་ས་ མཆོག་གིས་གང་གསུང་པ་བཀའ་གསུང་ཅི ་སྒྲུབ་བྱེད་རྒྱུ་དང་། བོད་ཆོལ་ཁ་གསུམ་ཆོས་ལུགས་དང་ བཅས་པས་མཐུན་སྒྲིལ་རྡོག་རྩ་གཅི ག་སྒྲིལ་ཐོག་ཤར་བསྐྱོད་བྱེད་ཀྱི ་ཡིན་ཞེས་མནའ་གན་མཐུ་མོ་ཆེ་བཞག་ ཡོད།
སྐབས་དེར་༸གོང་ས་མཆོག་གིས་ཆོལ་ ཁ་གསུམ་ནས་འཐུས་མི་གསུམ་རེ་དང་། ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་ མི་གཅིག་རེ་འདེམས་དགོས་པའི་བཀའ་ སློབ་བཀའ་དྲིན་སྩལ་བ་བཞིན་ལོ་དེ འི་ཟླ་བ་ ༩ ཚེས་ ༢ སྤྱི་འཐུས་སྐབས་དང་པོས་དམ་འབུལ་ ཞུས་གནང་ཡོད་པ་དང་། དེ་རྗེས་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་མོ་དེ་མང་གཙོའི་དུས་ཆེན་སྲུ ང་བརྩི་བྱེད་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གིས་མང་གཙོ་གསོལ་སྩལ་ གནང་བ་དེ་བཞིན་རླབས་ཆེན་གྱི་དགོ ངས་གཞི་ཞིག་ཆགས་བསྡད་ཡོད་རེད། ཕྱི་ལོ་ ༡༩༦༠ ནས་ ༡༩༩༡ བར་དང་། ཕྱི་ལོ་ ༡༩༩༡ ནས་ ༢༠༠༡ བར། ཕྱི་ལོ་ ༢༠༠༡ ནས་ ༢༠༡༡ བར་བཅས་རིམ་པ་འདྲ་པོ་གསུམ་གྱི་ ཐོག་བཙན་བྱོལ་བོད་མིའི་མང་གཙོའི ་ཐོག་བསྒྱུར་བ་མང་པོ་ཞིག་བཏང་ཡོ ད་རེད། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲི མས་ཟིན་བྲིས་ཚོགས་ཆུང་བཙུགས་ཏེ། གྲོས་ཚོགས་ནས་བཙན་བྱོལ་བོད་མིའི ་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་ བཟུང་། བོད་མིའི་སྒྲིག་འཛུགས་དེ་བཞིན་ ཁྲིམས་དང་། སྒྲིག་གཞིའི་དབང་བསྒྱུར་ཐོག་ནས་ འགྲོ་ཐུབ་ཀྱི་ཡོད་རེད། ཕྱི་ལོ་ ༢༠༠༡ ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་ འོས་འདེམས་གནང་བ་དང་། སྐབས་དེ་དུས་༸སྐྱབས་མགོན་རིན་པོ ་ཆེས་ཕྱེད་བགྲེས་ཡོལ་ཡིན་ཞེས་ གསུངས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ལོར་བཅའ་ཁྲིམས་བསྐྱར་བཅོས་གནང་ སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ ན་པོ་མཆོག་གིས་ཆབ་སྲིད་དང་། འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོ གས་མི་མང་གིས་འོས་འདེམས་བྱས་པའི ་དབུ་ཁྲིད་ཁག་ལ་རྩིས་སྤྲོད་གནང་ བ་དེ་ནི། ཕུགས་རྒྱང་རིང་པོར་དགོངས་པ་བཞེ ས་ནས་བྱུང་བ་ཞིག་ཆགས་བསྡད་ཀྱི་ ཡོད་རེད། ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་ མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོ ད་འགྲོ་བཞིན་ཡོད་པ་དང་། མང་གཙོའི་ལམ་ལུགས་ནས་དབུ་ཁྲིད་ སུ་ཕེབས་པ་ཡིན་ནའང་དེ་ལ་བརྩི་ བཀུར་ཞུས་ནས་དེའི་འོག་ཤར་བསྐྱོ ད་ཞུ་ཐུབ་དགོས་པ་དེ་མང་ཚོགས་ཀྱི ་ལས་འགན་ཆགས་ཀྱི་ཡོད་རེད།
དེ་དག་ཆ་ཚང་༸སྐྱབས་མགོན་རིན་པོ་ ཆེའི་བཀའ་དྲིན་ལ་བརྟེན་ནས་བྱུང་ བ་ཞིག་ཆགས་བསྡད་ཀྱི་ཡོད་རེད། ད་ཆ་བོད་རྒྱའི་གནས་སྟངས་དེ་ཧ་ ཅང་ཉག་ཕྲ་བ་ཞིག་ཆགས་བསྡད་ཡོད་རེ ད། ང་ཚོ་མི་རིགས་གཅིག་གི་འཐབ་རྩོད་ ཐོག་ནས་བསམ་བློ་བཏང་བ་ཡིན་ན། དུས་ཚོད་དེ་མང་པོ་ཞིག་མ་རེད། གང་ཟག་གཅིག་གི་མི་ཚེ་ལ་བསམ་བློ་ གཏོང་ན་མི་ཚེ་ཕྱེད་ལྷག་རྫོགས་ཟི ན་པ་རེད། བཙན་བྱོལ་ནང་སླེབས་ནས་ལོ་ ༦༣ འགྲོ་ཡི་ཡོད་རེད། བོད་ནང་གི་བོད་མི་ཚོའི་གནས་སྟ ངས་ལ་བལྟས་པ་ཡིན་ན། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ དང་། སྐད་ཡིག འགྲོ་འདུག་སྤྱོད་གསུམ་གྱི་རང་ དབང་མེད་པ་སོགས་ཧ་ཅང་གི་དཀའ་ངལ་ ཆེན་པོའི་འོག་གནས་བསྡད་ཡོད་པ་ དང་། ང་ཚོས་བོད་ནང་གི་བོད་མི་རྣམས་ དཀའ་ངལ་ལས་བསྐྱབ་རྒྱུའི་ཐབས་ཤེ ས་གཏོང་དགོས་པ་དང་། དེ་བཞིན་མ་འོངས་པར་ཕུགས་རྒྱང་རི ང་པོར་ང་ཚོ་བོད་ཆོལ་ཁ་གསུམ་མཉམ་ དུ་གནས་ཐུབ་རྒྱུའི་ཐོག་ལའང་དགོ ངས་པ་བཞེས་དགོས་པ། དེ་འདྲའི་རྒྱུ་མཚན་མང་པོ་ཞིག་ལ་ གཟིགས་ནས་༸སྐྱབས་མགོན་རིན་པོ་ཆེ ས་གཉིས་སྨན་དབུ་མའི་ལམ་གྱི་སྲི ད་བྱུས་འདོན་གནང་མཛད་པ་དང་། མཐའ་མར་གྲོས་ཚོགས་ནས་སྤྱི་མོས་ ཐོག་གཏན་ལ་ཕབ་རྗེས། ང་ཚོ་འདིའི་ཐོག་ཤར་བསྐྱོད་བྱེད་ བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་དེར་རྒྱུ་མཚན་ ཡོད་མེད་མཐོང་མ་མཐོང་ཟེར་བ་དེ་ ང་ཚོར་དྲི་བ་ཞིག་ཆགས་བསྡད་ཡོད་ རེད།
གང་ལྟར་ཉིན་གཅིག་རྒྱ་ནག་གཞུང་གི ས་དེའི་ཐོག་བསམ་བློ་ཏན་ཏན་གཏོང་ དགོས་པ་ཆགས་ཀྱི་རེད་བསམ་གྱི་འདུ ག ད་ལྟའི་དུས་རབས་ཉེར་གཅིག་ནང་མི་ གཅིག་དབང་འཛིན་དེ་བཞིན་ཡུན་རིང་ པོར་གནས་ཐུབ་རྒྱུ་ཁག་པོ་ཞེ་དྲག་ རེད། རིམ་པས་རིམ་པས་འགྱུར་བ་འགྲོ་ཡི་ རེད། ང་ཚོ་བོད་དོན་ཐོག་ལ་༸སྐྱབས་མགོ ན་རིན་པོ་ཆེས་རེ་བ་ཡོད་པ་ཞིག་ དང་། རེ་བ་བཅངས་པ་དེ་བཞིན་བསྒྲུབ་ཀྱི ་རེད་བསམ་པའི་སེམས་ལ་གདེང་ཚོད་ འདྲ་པོ་ཞིག་ཏན་ཏན་བསྐྲུན་ཐུབ་ཡོ ད་རེད་བསམ་གྱི་འདུག དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་ མགོན་ཆེན་པོ་མཆོག་གི་ཐུགས་རྗེའི ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞི ག་ཆགས་བསྡད་ཡོད་རེད། བཅའ་ཁྲིམས་ཀྱི་སྔོན་གླེང་ནང་སྤྱི ་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ ་མཆོག་ནི་བོད་མིའི་ངོ་བོ་དང་། དེའི་གཅིག་སྒྲིལ་གྱི་མཚོན་རྟགས་ ཡིན་ཞེས་བཀོད་ཡོད་པ་ལྟར། མགོན་པོ་གང་ཉིད་མཆོག་ནི་བོད་མི འི་ངོ་བོ་དང་། དེའི་གཅིག་སྒྲིལ་གྱི་མཚོན་རྟགས་ ཁོ་ན་ཆགས་ཡོད་པ་མ་གཏོགས་གཞན་ཞི ག་ཡོད་མ་རེད། དེ་ཚོའི་གྲས་ང་ཚོས་དུས་རྒྱུན་དུ ་ནས་ཚང་མས་བསམ་བློའི་ནང་བཅངས་ དགོས་པ་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ ་ཡིན།
རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་ བབ་ནས་བོད་དོན་ཐོག་རྒྱབ་སྐྱོར་ ཚད་མཐོ་པོ་ཐོབ་ཐུབ་པ་དང་། དེ་བཞིན་རྒྱ་ནག་ནང་ནས་ཀྱང་བོད་ ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་ ། དོ་སྣང་སླེབས་ཐུབ་པ། བོད་ཆོལ་ཁ་གསུམ་མཉམ་གཤིབ་མཉམ་སྡུ ག་གནས་ཐུབ་པ་དེ་དག་ཚང་མ་༸སྐྱབས་ མགོན་རིན་པོ་ཆེའི་ཐུགས་རྗེའི་ བཀའ་དྲིན་རེད་ཅེས་དང་། སྤྱི་ཚོགས་དང་འབྲེལ་བའི་༸སྐྱབས་ མགོན་རིན་པོ་ཆེའི་ཐུགས་བསྐྱེད་ དམ་བཅའ་བཞིའི་སྐོར་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོ ད་ཀྱི་ཤེས་ཡོན་སྐོར་སོགས་གསུངས་ གནང་སོང་། དེ་ནས་སྐུ་མགྲོན་གཙོ་བོ་བཀའ་ཟུ ར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་ མཆོག་གིས་བཀའ་སློབ་གནང་རྗེས། དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོ ག་བརྒྱུད་བྱང་ཨ་རིའི་མདོ་སྨད་ཚོ གས་པའི་ངོས་ནས་བཀའ་ཟུར་༸སྐྱབས་ རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་ སྐུ་ཚེ་ཧྲིལ་པོར་༸རྒྱལ་བའི་དགོ ངས་པ་གཞིར་བཟུང་བོད་བསྟན་སྲིད་ རིག་གཞུང་དང་བཅས་པར་བཀའ་དྲིན་ བསྐྱངས་གནང་མཛད་པར་ཆེ་བསྟོད་གསེ ར་གྱི་གཟེངས་རྟགས་འབུལ་གནང་བ་ དང་། དེ་བཞིན་མཛད་སྒོའི་ཐོག་བྱང་ཨ་རི འི་མདོ་སྨད་ཟློས་གར་ཚོགས་པ་ནས་ རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ ཞུས་གནང་ཡོད་པ་བཅས། །