༄༅། །ད་ལྟའི་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཐེངས་ལྔ་བཅུ་པ་འཚོག་བཞིན་པ་དང་བསྟུན་སུད་སི་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༠༥ ཉིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ཟུར་དུ་དྲ་ཐོག་ཚོགས་འདུ་བསྐོང་ཚོགས་གནང་རྒྱུ་ཡིན་འདུག
དེ་ཡང་ཐེངས་འདིའི་དྲ་ཐོག་ཚོགས་འདུ་དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྙན་འཕྲིན་བརྒྱུད་རྒྱ་གར་གྱི་ཕྱི་དྲོ་ཆུ་ཚོད་ ༦:༣༠ ནས་ ༠༧:༣༠ ( ནིའུ་ཡོག་སྔ་དྲོ་ཆུ་ཚོད་ ༩:༠༠ ནས་༡༠:༠༠། ཇི་ནི་ཝ་ཕྱི་དྲོ་ཆུ་ཚོད་ ༣:༠༠ ནས་ ༤:༠༠ ) བར་ཐད་སྲིང་གནང་རྒྱུ་མ་ཟད། མང་ཚོགས་ནས་དྲི་བ་ཡོད་ན་འོག་མཆན་ནང་འགོད་འཐུས།
དྲ་ཐོག་ཚོགས་འདུའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། ཇར་མ་ནཱའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ཀའི་མུ་ལར་ (Kai Muller) ལགས་དང་། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཆོས་སྐྱིད་ལགས་བཅས་ཀྱིས་གསུང་བཤད་གནང་གཏན་ཁེལ་འདུག་པ་བཅས།།