༄༅། ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༡༨ ནས་ ༢༢ བར་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་སུ་འཕྲོད་བསྟེན་ལས་མིའི་ནུས་སྟོབས་གོང་འཕེལ་གཏོང་ཐབས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད།
དེ་ཡང་འཕྲོད་བསྟེན་ལས་ཁུངས་ནས་ས་གནས་འཕྲོད་བསྟེན་སློབ་སྟོན་པའམ་འབྲེལ་མཐུད་པ་ལྔ་བསྐོ་འཛུགས་གནང་བ་ལྟར། ཀརནཱ་ཊཀ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་དང་། རྒྱ་གར་བྱང་ཤར་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས། དེཧ་རཱ་དཱུན་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས། ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས། རྒྱ་གར་དབུས་ཕྱོགས་ཀྱི་བཙན་བྱོལ་བོད་མིའི་གཞིས་ཆགས་དང་རྡ་ས། ལྡི་ལི། ལ་དྭགས་བཅས་ཀྱི་ཆེད་འཕྲོད་བསྟེན་སློབ་སྟོན་པ་རེ་རེ་བསྐོ་འཛུགས་གནང་ཡོད། འཕྲོད་བསྟེན་སློབ་སྟོན་པའམ་འབྲེལ་མཐུད་པས་ཁྱབ་ཁོངས་ས་གནས་སུ་ལས་གཞི་དང་འབྲེལ་བའི་གྲངས་མཛོད་བསྡུ་ལེན་བྱ་རྒྱུ་མཚོན། ལས་གཞི་ལས་འཆར་ཁག་ལ་ལམ་སྟོན་གནང་དགོས་པ་ཡིན།
ལས་དོན་འདི་ནི་འཕྲོད་བསྟེན་ལས་ཁུངས་ནས་ས་གནས་ཁག་ཏུ་ལག་བསྟར་ཞུ་བཞིན་པའི་ལས་གཞི་རྣམས་ལ་ལྟ་རྟོག་དང་ལམ་སྟོན་ཞུ་བདེའི་ཆེད་དུ་དམིགས་ཏེ་བསྐོ་འཛུགས་གནང་བ་ཞིག་ཡིན་པ་བཅས།།