༄༅། ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་གསོན་གནས་རིག་གཞུང་ལས་འཆར་གྱི་གློག་བརྙན་མ་དངུལ་གསལ་བསྒྲགས།
ལས་གཞིའི་དམིགས་ཡུལ། རྒྱ་ནག་གཞུང་གིས་ཐབས་བྱུས་སྣ་ཚོགས་བརྒྱུད་བོད་བསྟན་སྲིད་མི་རིགས་ཀྱི་ལོ་རྒྱུས་གོམས་སྲོལ་དང་བཅས་པ་རྩ་མེད་བཏང་དང་གཏོང་མུས་ཐོག་རང་རེའི་མི་རབས་རྒན་པ་རྣམས་ཀྱང་རིམ་གཤེགས་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། མི་རབས་རྒན་པ་ཚོའི་ཞལ་རྒྱུན་དུ་གནས་པའི་བོད་ཀྱི་ཆོས་དང་རིག་གཞུང་། གོམས་སྲོལ་སོགས་ཀྱི་ལོ་རྒྱུས་དང་། རང་ཉིད་ཀྱི་མྱོང་བ་ཁག་བོད་མི་གཞོན་སྐྱེས་ཚོས་ཤེས་རྟོགས་ཡོང་རྒྱུར་གློག་བརྙན་བཟོ་ཆེད་དུ་ཡིན།
གློག་བརྙན་བརྗོད་གཞི། གསོན་གནས་རིག་གཞུང་།
མ་དངུལ། ཧིན་སྒོར་ ༢༠༠,༠༠༠།༠༠ (འབུམ་གཉིས།)
ཆ་རྐྱེན།
༡། དང་བླངས་དཔྱ་དངུལ་ལག་དེབ་ཡོད་པ།
༢། གློག་བརྙན་གྱི་ནང་དོན་དང་བཟོ་ལས་པའི་མི་འགྲོའི་ཁོངས་ཕོ་མོ་འདྲ་མཉམ་གྱི་མཉམ་ཞུགས་ཡོང་ཐབས་བྱ་རྒྱུ་ཡིན།
༣། གློག་བརྙན་བཟོ་ལས་པ་རྒྱ་གར་དང་བལ་ཡུལ་ནང་གནས་སྡོད་བྱེད་མཁན་ཞིག་དགོས་པ་ཡིན།
ཞུ་སྙན་འབུལ་ཕྱོགས་དང་། འདེམས་སྒྲུག་བརྒྱུད་རིམ།
༡། ཐོ་འགོད། མ་དངུལ་ཞུ་འདོད་ཡོད་རིགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༨ གོང་འཚང་སྙན་དེབ་འགོད་དང་གློག་བརྙན་གྱི་ནང་དོན་རྩོམ་ཡིག་ཚིག་འབྲུ་ ༡༠༠-༡༢༠ ཅན་ཞིག་འདི་གར་འབུལ་ཟིན་པ་དགོས། ༼ལས་ཁུངས་ཀྱི་ཁ་བྱང་དང་གློག་འཕྲིན་ཁ་བྱང་གཤམ་ལ་གཟིགས།༽
༢། དགོས་ངེས་ཡིག་ཆ།
ཀ༽ དང་བླངས་དཔྱ་དངུལ་དུས་འབུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
ཁ༽ རང་ཉིད་ཀྱི་གློག་བརྙན་བཟོ་བསྐྲུན་གྱི་ཕྱག་ལས་ཐོག་རྒྱུས་མངའ་ཡོད་པ་ཞིག་ནས་རྒྱབ་གཉེར་གཅིག
༣། སྔོན་འགྲོའི་འདེམས་སྒྲུག
ཀ༽ གློག་བརྙན་འདེམས་སྒྲུག་ཆེད་དོན་མི་སྣས་སྙན་ཞུ་རེ་རེར་ཞིབ་འཇུག་གནང་རྒྱུ།
ཁ༽ ངོ་གཏུག་གམ་དྲ་རྒྱའི་བརྒྱུད་འདྲི་གླེང་བྱ་རྒྱུ།
༤། འདེམས་སྒྲུག་གསལ་བསྒྲགས།
མཐའ་མའི་འདེམས་སྒྲུག་ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྒྱུད་ལམ་ཁག་གི་ནང་གསལ་བསྒྲགས་བྱ་རྒྱུ་ཡིན།
༥། མ་དངུལ་འབུལ་ཕྱོགས།
འདེམས་སྒྲུག་བྱུང་བ་རྣམས་ལ་མ་དངུལ་ཧིན་སྒོར་ ༢༠༠,༠༠༠།༠༠ རེ་འབུལ་རྒྱུ། (དངུལ་འབོར་འདིའི་ནང་རྒྱ་གར་གཞུང་གི་ཁྲལ་བརྒྱ་ཆ་ཚུད་ཡོད།)
༦། གློག་བརྙན་འབུལ་ཕྱོགས།
གློག་བརྙན་ཁག་ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༣༡ འགྱངས་མེད་འདི་གར་རྩིས་འབུལ་ཟིན་པ་དགོས།
གློག་བརྙན་ཁག་བོད་ཀྱི་བརྙན་འཕྲིན་གྱི་བརྒྱུད་ལམ་ཐོག་རིམ་པས་འདོན་སྤེལ་ཞུ་རྒྱུ་དང་། གློག་བརྙན་དང་འབྲེལ་བའི་བདག་དབང་ཆ་ཚང་བོད་ཀྱི་བརྙན་འཕྲིན་ལ་ཡོད་པ་བཅས།
སྙན་ཞུ་འབུལ་ཡུལ།
The Secretary,
Department of Information & International Relations,
Central Tibetan Administration,
P.O Dharamshala – 176215,
District Kangra, H.P, India
Email: [email protected], [email protected]
Tel: +91-1892-222457, 222510