༄༅། །བོད་གཞིས་ཀ་རྩེ་རིན་སྤུངས་རྫོ
དེ་ཡང་བོད་ཀྱི་དུས་བབ་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གཞིས་ཀ་རྩེ་མི་ མང་ཁྲིམས་ཁང་ཟེར་བས། བོད་རང་སྐྱོ ང་ལྗོངས་གཞིས་ཀ་རྩེ་རིན་སྤུངས་ རྫོང་ནས་ཡིན་པའི་བོ ད་མི་ཚེ་དབང་རིན་ཆེན་ཞེས་པ་ཞིག་ལ་རྒྱལ་ཁབ་ཀྱི་ལས་དོན་འཐུས་ཤོར་ དང་ཕྱོགས་ཞེན་གྱིས་དབང་ཆ་ལོག་སྤྱོད་བྱས་པའི་ཉེས་མིང་འོག་ལོ་གཅིག་དང་ཟླ་དྲུ ག་གི་ཁྲིམས་ཆད་དང་། རྒྱ་ སྒོར་ ༣༥༠༠༠ ཉེས་ཆད་དང་དབང་ཆ་ཕྱིར་བསྡུ་བྱས་ཡོད་འདུག་ལ། ད་ལྟའི་ཆར་བཙོན་ཁང་གང་དུ་ཡོ ད་མེད་སོགས་ཁ་གསལ་མི་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཚེ་དབང་རིན་ ཆེན་ལགས་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་གོང་རིམ་གྱི་ལམ་སྟོན་ལ་ སྣང་མེད་དང་དབང་ཆ་ལོག་སྤྱོད་ཀྱིས་ཚོགས་ཁག་ཕྱོགས་ཞེན་བྱས་པའི་དོགས་གཞིའི་འོག་འཛི ན་བཟུང་བྱས་ཡོད་པ་དང་། ཟླ་གཉིས་ཙམ་རིང་འདྲི་རྩད་བཀག་ཉར་བྱས་རྗེས། ཉེ་སྔོན་ནང་མི་དང་གཉེན་ཉེ་ཁག་ཅིག་སྐད་བཏང་སྟེ་ཁྲིམས་ཐག་བཅད་ཡོད་འདུག
ཚེ་དབང་རིན་ཆེན་ལགས་ནི། ཕྱི་ལོ་ ༢༠༠༢ ནས་བཟུང་རིན་སྤུངས་རྫོང་ཁོངས་ཀྱི་གྲོང་རྡལ་ཞིག་གི་དྲུང་ཡིག་གི་ལས་ཀ་བྱས་ཡོད་པ་དང་། ཁོང་ནི་ས་གནས་ཡུལ་མི་ དང་བོད་པའི་རིག་གཞུང་སོགས་ལ་ཧ་ ཅང་དགའ་ཞེན་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། དམིགས་བསལ་ཕྱི་ལོ་ ༢༠༡༣ ལོར་ས་གནས་འབྲོག་ པ་མང་པོ་གྲོང་རྡལ་དུ་ཕབ་སྐ བས། ས་གནས་གཞུང་ལ་མང་ཚོགས་གྲོང་རྡལ་དུ་ཕབ་ན། མ་འོངས་པར་དཀའ་ངལ་ཆེན་པོ་འཕྲད་ཉེན་ཡོད་པས་སྔོན་མ་ནང་ བཞིན་སོ་སོའི་ས་ཐོག་ཏུ་འཚོ་བ་ བསྐྱལ་ན་ཡག་པོ་ཡོད་ལུགས་སོགས་ཀྱི་སྙན་ཞུ་ཐོག་མ་དེ་ ཕུལ་ཡོད་འདུག །