༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་བལ་ཡུལ་མཆོད་འཇོར་ས་འཐུས་སྐབས་ ༩ པའི་འདེམས་ཐོན་ཚོགས་གཙོ་ཚབ་གསར་གྱི་ལས་འཁུར་དམ་འབུལ་ཡོང་བའི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ པའི་ཆ་རྐྱེན་འོག་བལ་ཡུལ་མཆོད་འཇོར་གྱི་ས་གནས་འགོ་འཛིན་ཟུར་པ་ཚེ་རིང་དོན་གྲུབ་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢ ཉིན་བལ་ཡུལ་མཆོད་འཇོར་ས་གནས་འཐུས་ཚོགས་སྐབས་ ༩ པའི་ཚོགས་གཙོ་ཚབ་གསར་སྐལ་བཟང་དོན་གྲུབ་ལགས་ཀྱིས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ཞུས་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །
གསར་གནས།
འབྲེལ་གནས།