༄༅། །ཉི་ཧོང་གི་སྲིད་བློན་ཟུར་པ་ཤིན་ཛོ་ཨ་བྷེ་ (Shinzo Abe) མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༨ ཉིན་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཐུགས་ཕམ་དང་འབྲེལ། དམ་པ་ཁོང་བཞུགས་ཡུན་རིང་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་བར་རྗེས་དྲན་ཞུ་སླད། ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡༡ རེས་གཟའ་ཟླ་བ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་ཡོད།
དེ་ཡང་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་སྐབས་བོད་མི
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཕམ་ཆེན་པོས་གསུང་འཕྲིན་ཞིག་སྩལ་བའི་ནང་། ངོས་ཀྱི་མཛའ་གྲོགས་ཨ་བེ་ལགས་ལ་དེ་རིང་མེ་མདའ་བརྒྱབ་རྗེས་སྐུ་གཤེགས་པ་གོ་དུས་ངོས་རང་བློ་ཕམ་ཆེན་པོ་བྱུང་། ངོས་ཀྱིས་སྐུ་ཉིད་དང་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར་དམ་པ་ཁོང་ནི་བོད་ཀྱི་བློས་ཐུབ་གྲོགས་པོ་ཞིག་ཡིན་པ་རེད། ངོས་ཀྱིས་ཁོང་གི་མཛའ་འབྲེལ་དང་། བོད་ཀྱི་ནང་ཆོས་དང་། བོད་མིའི་ངོ་བོ་བདག་གཅེས་སླད་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་ཞུ་གི་ཡོད། ཅེས་ཐུགས་སྨོན་གནང་འདུག
དམ་པ་ཁོང་ནི་སྤྱི་ནོར༸གོང་ས་༸སྐྱ
དམ་པ་ཁོང་གིས་ཉི་ཧོང་གི་སྲིད་བློ
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེ