༄༅། །བོད་ཀྱི་ཟློས་གར་ཚོགས་པའི་བུ་མོའི་སྡོད་ཁང་དུ་མ་ཚབ་དང་། ཚོང་ལས་པ་གཅིག་ལྕོགས་གནང་མཁན་ཞིག་དགོས་མཁོ་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞུགས་བློ་ཡོད་རིགས་ནས་འཚང་སྙན་དང་ཡིག་ཆ་རྣམས་གློག་འཕྲིན་བརྒྱུད་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱི་མཚན་ཐོག་འབུལ་གནང་ཡོང་བ་ཞུ།
- རང་ལོ་ ༣༥ ལས་མ་ཉུང་བ་དང་ ༥༠ ལས་མ་བརྒལ་བ།
- ཕྲུ་གུ་ལོ་ ༥ མན་མཉམ་སྦྱར་མེད་པ་དང་། བསྐོ་གཞག་རྗེས་མངལ་ཆགས་མཚམས་ལས་གནས་ནས་རྩ་དགོངས་བསྩལ་རྒྱུ།
- བོད་མིའི་དང་བླངས་དཔྱ་དངུལ་ ༢༠༢༢།༠༣།༣༡ བར་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།
- གནས་ཡུལ་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
- ཚད་ལྡན་སྨན་ཁང་ནས་འགོས་ནད་རིགས་མེད་པའི་སྨན་པའི་ངོས་སྦྱོར་ངོ་མ།
- ཚོགས་སྡེ་གང་རུང་ནང་ཕྱག་ལས་གནང་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
- མ་ཚབ་ཀྱི་ལས་འགན་ཐོག་ཉམས་མྱོང་ཡོད་མཁན་ནམ་མ་ཚབ་ཟབ་སྦྱོང་ཐོབ་མྱོང་ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་གནང་རྒྱུ།
ཐུགས་སྣང་།
- ཟླ་རེར་གསོལ་ཕོགས། ༡༧༧༨༧།༠༠
- ལས་ཤག་ཐོབ་ཐང་།
གཤམ་གསལ་གློག་འཕྲིན་ཁ་བྱང་ཐོག་སྙན་ཞུའི་ཡི་གེ་དང་མཉམ་དུ་སོ་སོའི་ལས་ཀའི་ཉམས་མྱོང་དང་སློབ་ཐོན་ལག་འཁྱེར། དགོས་ངེས་ཆ་རྐྱེན་ཁག་གི་ངོ་བཤུས་སོགས་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༣༡ འགྱངས་མེད་གོང་གསལ་ཡིག་ཆ་ངོ་བཤུས་རྣམས་ལ་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་ནས་དག་མཆན་བཀོད་དེ་བསྐུར་དགོས་པ་མ་ཟད། དོ་བདག་གི་སྡོད་གནས་ཁ་བྱང་དང་ཁ་པར་ཨང་གྲངས་མཉམ་སྦྱར་དགོས། ས་མིག་དང་འབྲེལ་བའི་དོགས་འདྲིའི་རིགས་ཡོད་ཚེ་གཤམ་གསལ་ཁ་པར་ཨང་གྲངས་ཐོག་འབྲེལ་བ་གནང་རོགས།
བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣༠ ལ།།
Director,
TIPA, Distt. Kangra-176219 H.P.
Contact No: 7650056654, 9418087998 Email: [email protected]