༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༢༩ རེས་གཟའ་པ་སངས་ཉིན་གཏན་འཇགས་
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི
སྤྱིར་ཡུ་རོབ་མི་མང་དང་ཡུ་རོབ་གྲོས་ཚོགས་འཐུས་མི་སོགས་ནས་རྒྱབ་སྐྱོར་གནང་བཞིན་ཡོད་ནའང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཞེས་སྒྲིག་འཛུགས་ཤིག་ཡོད་སྟབས། དེར་ལས་འགུལ་དང་ཞུ་གཏུག་བྱེད་ཕྱོགས། དེ་བཞིན་སྐུ་ཚབ་དོན་གཅོད་ཁག་གི་ཁྱབ་ཁོངས་སུ་ཡོད་པའི་རྒྱལ་ཁབ་སོ་སོའི་ནང་དམིགས་སུ་བཀར་ནས་དགོས་འདུན་གང་ཞུ་དགོས་པའི་ཐད་བཀའ་བསྡུར་གནང་ཡོད།
ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཚོགས་པའི་སྐབས་གོ་བསྡུར་བྱུང་བའི་ཚིག་ཐོར་བསྐྱར་ཞིབ་གནང་སྟེ་མཇུག་སྐྱོང་དགོས་པ་ཁག་ལ་བསྐྱར་ཞིབ་དང་། དེ་བཞིན་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་རྒྱ་ནག་ནང་ཆབ་སྲིད་ཀྱི་འགྱུར་འགྲོས། གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་རྣམ་པས་མ་འོངས་ཕྱག་ལས་གནང་ཕྱོགས་སོགས་ཀྱི་ཐད་བཀའ་བསྡུར་ལྷུག་པོ་བྱུང་ཡོད། ཅེས་གསུངས། །