༄༅། །དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༦ ཉིན་ཆོས་བརྡ་གསལ་བསྒྲགས་སྤེལ་བ་ལྟར་ན། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ལོ་ཤས་གོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ས་ཟླའི་ཚེས་ ༡༤ ཉིན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་སྟ་གོན་དང་། ཚེས་ ༡༥ ཉིན་དབང་དངོས་གཞི་དང་རྗེའི་ལམ་རིམ་བསྡུས་དོན་གྱི་བཤད་ལུང་བཅས་སྩལ་གཏན་ཁེལ་འདུག་པ་བཅས།།