༄༅། །རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི འི་བོད་དོན་རྒྱབ་སྐྱོར་ཚོགས་ཆེ ན་ཐེངས་བརྒྱད་པ་དེ་བཞིན་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༢ ནས་ ༢༣ བར་ཉིན་གྲངས་གཉིས་རིང་ཨ་རིའི་རྒྱ ལ་ས་ཝ་ཤིང་ཊོན་དུ་ཚོགས་གཏན་ཁེལ་ ཡོད། དེ་ཡང་ཚོགས་འདུའི་ཐོག་བོད་མི་ མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུ ས་མི་དང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་ མི་འདྲ་བ་ ༢༦ ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་དངོས་སུ་ཆེད་ཕེབས་དང་། དྲ་ཐོག་བརྒྱུད་མཉམ་ཞུགས་གནང་རྒྱུ ་ཡིན་པ་རེད།
ད་རེས་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ནས་གོ་སྒྲིག་ཞུས་པའི་ཚོགས་ ཆེན་དེ་བཞིན་སྔོན་མ་ཚོགས་ཟིན་ པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུ ས་མིའི་བོད་དོན་རྒྱབ་སྐྱོར་ཚོ གས་ཆེན་ཐེངས་བདུན་གྱི་རྒྱུན་མཐུ ད་ཀྱི་ཚོགས་ཆེན་ཞིག་ཆགས་ཡོད་ཅི ང་། དེའི་དམིགས་ཡུལ་གཙོ་བོ་ནི་བོད་ དོན་བདེན་མཐའ་གསལ་རྒྱུའི་ཐོག་ འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་གྱི ་གྲོས་ཚོགས་འཐུས་མིའི་ངོས་ནས་རྒྱ བ་སྐྱོར་སྔར་ལྷག་ཤུགས་ཆེ་རུ་གཏོ ང་ཐབས་གནང་རྒྱུ་ཡིན།
སྤྱིར་རྒྱ་དམར་གཞུང་གིས་བོད་ས་ ཡོངས་རྫོགས་བཙན་བཟུང་བྱས་རྗེས། བོད་མིའི་ངོ་བོ་སྲུང་སྐྱོབ་ཡོང་ ཐབས་སུ་རྒྱ་གར་གཞུང་མང་གཉིས་ནས་ ཧ་ཅང་གི་ཕན་ཐོགས་དང་ནུས་པ་བཏོན་ ཡོད་སྟབས། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི འི་བོད་དོན་རྒྱབ་སྐྱོར་ཚོགས་ཆེ ན་ཐེངས་དང་པོ་དེ་བཞིན་ཕྱི་ལོ་ ༡༩༩༤ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་ཚོ གས་ཡོད་པ་དང་། དེ་ནས་རིམ་པས་ཕྱི་ལོ་ ༡༩༩༥ ལོར་ལི་ཐུ་ནི་ཡའི་རྒྱལ་ས་ཝིལ་ནུ ས་དང་། ཕྱི་ལོ་ ༡༩༩༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན། ཕྱི་ལོ་ ༢༠༠༥ ལོར་སོ་ཀོཊ་ལེཎཊ་རྒྱལ་ས་ཨིཌན་སྦ ་ར། ཕྱི་ལོ་ ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ། ཕྱི་ལོ་ ༢༠༡༢ ལོར་ཁེ་ན་ཌ་རྒྱལ་ས་ཨོ་ཊ་ཝ། ཕྱི་ལོ་ ༢༠༡༩ ལོར་ལཊི་ཝི་ཡའི་རྒྱལ་ས་རི་ག་ བཅས་ལ་ཚོགས་གནང་ཡོད།
རྒྱ་ནག་དམར་གཞུང་གིས་ལོ་ངོ་བཅུ་ ཕྲག་དྲུག་ལྷག་རིང་བོད་ནང་བོད་མི ་རྣམས་ལ་སྡུག་སྦྱོང་མནར་གཅོད་ དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཡོ ངས་རྫོགས་རྩིས་མེད་རྡོག་རོལ་ བཏང་དང་གཏོང་བཞིན་ཡོད་ཀྱང་། བོད་མི་ཚོས་རང་མི་རིགས་ཀྱི་ངོ་ བོ་དང་། ཆོས། རིག་གཞུང་། ཁོར་ཡུག་སྲུང་སྐྱོབ་ཐོག་ཆོད་སེ མས་བརྟན་པོས་འབད་བརྩོན་རིམ་པ་ གནང་ཡོད་པ་མ་ཟད། འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་ བོད་ནང་རང་དབང་མེད་པའི་དངོས་ཡོ ད་གནས་ཚུལ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི ་གནས་སྟངས་སྐོར་རྒྱལ་སྤྱིའི་ནང་ ཞུ་སྐུལ་རིམ་པ་བྱས་དང་བྱེད་མུས་ ཡིན།
མང་གཙོའི་གཞི་རིམ་གྱི་ལྟ་གྲུབ་ ལ་གུས་བརྩི་དང་། ཐོབ་ཐང་འདྲ་མཉམ་ལྡན་པའི་རྒྱལ་ ཁབ་ཨ་རིའི་ནང་ད་རེས་ཀྱི་རྒྱལ་སྤྱི འི་གྲོས་ཚོགས་འཐུས་མིའི་བོད་དོ ན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱ ད་པ་བསྐོང་ཚོགས་གནང་སྟེ། ཨ་རིའི་གྲོས་ཚོགས་ནས་ད་བར་བོད་ དོན་དང་འབྲེལ་བའི་ཁྲིམས་འཆར་དང་ ། སྲིད་བྱུས་གཏན་འབེབས་གནང་བ་སོ གས་བོད་དོན་ཐོག་ལྷག་བསམ་རྣམ་དག་ གིས་རྒྱབ་སྐྱོར་གནང་བར་ང་ཚོས་ཐུ གས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱ ང་མང་གཙོའི་ལྟ་གྲུབ་དང་། དེའི་རིན་ཐང་གལ་ཆེར་བརྩིས་ནས་དེ འི་ཐོག་ཤར་བསྐྱོད་གནང་བཞིན་ཡོད་ པར་དོ་སྣང་གནང་རྒྱུའི་འབོད་སྐུ ལ་ཞུ་ཡི་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲི ད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་གི་ཕུགས་རྒྱང་རིང་ པོར་དགོངས་པར་བཞེས་ནས་རིམ་པས་ བཀའ་སློབ་ལམ་སྟོན་གནང་འབྲས་སུ། ད་ཆ་བཙན་བྱོལ་བོད་མིའི་སྒྲིག་ འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲི ད་རྣམས་མང་གཙོའི་ལམ་ལུགས་ཐོག་ ནས་འོས་འདེམས་གནང་སྟེ་ཆབ་སྲིད་ དང་། འཛིན་སྐྱོང་གི་ཐུགས་འགན་ཡོངས་རྫོ གས་བཞེས་ཀྱི་ཡོད་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ བརྒྱུད་མང་ཚོགས་ལ་འགན་ཁུར་ལན་ འདེབས་ཀྱང་གནང་བཞིན་ཡོད།
ད་རེས་ཀྱི་རྒྱལ་སྤྱིའི་གྲོས་ཚོ གས་འཐུས་མིའི་བོད་དོན་རྒྱབ་སྐྱོ ར་ཚོགས་ཆེན་ནང་འཛམ་གླིང་རྒྱལ་ ཁབ་ཁག་འདྲ་མིན་གྱི་གྲོས་ཚོགས་ འཐུས་མི་དང་། མཁས་དབང་། ལས་འགུལ་བ་བཅས་ཀྱིས་བོད་ཀྱི་ གནད་དོན་འདྲ་མིན་ཐོག་བགྲོ་གླེང་ ལྷན་ཚོགས་བསྐྱང་གི་ཡོད་པ་དང་། ལྷག་པར་དུ་སྐབས་འདིའི་ཚོགས་འདུ་ དབུ་འབྱེད་མཛད་སྒོའི་ཐོག་བོད་མི འི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་གིས་བརྙན་འཕྲིན་བརྒྱུད་ བཀའ་སློབ་བསྩལ་རྒྱུ་ཡིན་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་ མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི ་ལོ་སི་ (Nanci Pelosi) མཆོག་གིས་གསུང་བཤད་གནང་རྒྱུ་ བཅས་གཏན་ཁེལ་ཡོད།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི འི་བོད་དོན་རྒྱབ་སྐྱོར་ཚོགས་ཆེ ན་ཚོགས་དགོས་པའི་དགོས་དམིགས་གཙོ ་བོ་ནི།
༡༽ བོད་མིའི་ངོ་བོ་དང་། འཛམ་གླིང་ནང་ཞི་བདེ་གོང་སྤེལ་ཡོ ང་རྒྱུར་དམིགས་བསལ་གྱི་ནུས་པ་ལྡ ན་པའི་བོད་ཀྱི་ཐུན་མོང་མ་ཡིན་ པའི་རིག་གཞུང་སྲུང་སྐྱོབ་ཡོང་རྒྱུ ར་འཛམ་གླིང་རྒྱལ་ཁབ་ཁག་གི་གྲོས་ ཚོགས་འཐུས་མི་རྣམ་པས་རྒྱལ་སྤྱི འི་སྡིངས་ཆའི་ཐོག་གཙོ་བོ་སྣེ་ཁྲི ད་ཀྱི་འགན་ཁུར་བཞེས་ཐབས་གནང་རྒྱུ །
༢༽ ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུ ས་འོག་བོད་ནང་གཞི་རྩའི་འགྲོ་བ་ མིའི་ཐོབ་ཐང་དང་། ཆོས་དད་རང་དབང་བཅས་མེད་པའི་དངོ ས་ཡོད་ཀྱི་གནས་ཚུལ་རྣམས་ལ་གྲོས་ ཚོགས་འཐུས་མི་རྣམ་པས་དམིགས་བསལ་ ཐུགས་སྣང་གནང་སྟེ་རྒྱལ་སྤྱིའི་ དབུ་ཁྲིད་རྣམས་དང་ལྷན་གླེང་སློ ང་གནང་རྒྱུ།
༣༽ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ ག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་འགོ་ཁྲིད་དབར་ གང་མགྱོགས་གྲོས་མོལ་བསྐྱར་གསོ་ ཡོང་རྒྱུར་གྲོས་ཚོགས་འཐུས་མི་རྣ མ་པས་སོ་སོའི་རྒྱལ་ཁབ་ནང་ལས་ འཆར་གང་ལེགས་སྤེལ་གནང་དགོས་རྒྱུ ་བཅས་ཆགས་ཡོད།
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི འི་བོད་དོན་རྒྱབ་སྐྱོར་ཚོགས་ཆེ ན་ཐེངས་བརྒྱད་པའི་གོ་སྒྲིག་ཚོ གས་ཆུང་ནས། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༢༠ ལ།
འབྲེལ་བ་བྱ་ཡུལ།
སྤྱི་འཐུས་བསྟན་འཛིན་འཇིགས་མེད་ ལགས། ཞལ་པར་ཨང་གྲངས། +༡༧༦༣-༣༡༦-༨༨༨༡
སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས། ཞལ་པར་ཨང་གྲངས། +༡༤༡༣-༦༨༧-༣༤༧༧