༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པའི་འབྲེལ་ཡོད་ལས་བྱེད་ཚེ་རིང་དབྱངས་སྒྲོལ་ལགས་དང་བསྟན་འཛིན་ཆོས་ལྡན་ལགས་རྣམ་གཉིས་ཕྱི་ ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༠ ནས ༢༦ བར་རྒྱ་གར་བྱང་ཤར་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཏི་ཛུ་དར་རྒྱས་གླིང་དང་། མེའོ་ཆོས་འཕེལ་གླིང་། ར་ཝང་ལ་ཀུན་ཕན་གླིང་། རྡོར་གླིང་། བསུ་ན་མདའ་བཀྲ་ཤིས་གླིང་བཅས་ས་གནས་ཁག་ལྔར་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ས་གནས་འགོ་འཛིན་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་ཁྱོན་གྲངས་ ༡༠༢ ལྷན་འཛོམས་ཐོག་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན་བརྒྱུད་སེམས་ཁམས་འཕྲོད་བསྟེན་གྱི་རྨང་གཞིའི་ངོ་སྤྲོད་དང་། ཚན་པའི་ལས་གཞི་ཁག་གོ་རྟོགས་རབ་དང་རིམ་པ་སྤེལ་ཐུབ་པ་བྱུང་བ་མ་ཟད། ལས་གཞི་འདིའི་བསྒྲུབ་བྱ་གཙོ་བོ་ནི་སེམས་ཁམས་ཀྱི་དཀའ་ངལ་འཕྲད་མཁན་རྣམས་ལ་སྤྱི་མང་གིས་དབྱེ་འབྱེད་དང་། མཐོང་ཆུང་། འཕྱ་སྨོད་བྱས་དང་བྱེད་མུས་ཀྱིས་ཉེར་ལེན་དངོས་ཡོད་དཀའ་ངལ་འཕྲད་མཁན་ཚོས་བསྟེན་བསྟུགས་བྱེད་རྒྱུར་རང་བཞིན་གྱིས་འགོག་རྐྱེན་ཆེན་པོ་ཆགས་ཀྱི་ཡོད་སྟབས། མི་མང་གི་ལྟ་ཚུལ་དེ་དག་རིམ་བཞིན་གོ་རྟོགས་ཀྱི་ལམ་ནས་འགྱུར་ལྡོག་ཡོང་ཐབས་བྱེད་གལ་ལྟར། ད་རེས་ཕྱོགས་ཕེབས་ཀྱི་ལས་དོན་གང་ཙམ་བསྒྲུབས་ཐུབ་པ་བྱུང་ཡོད།མཐའ་དོན་ཕྲུ་གུའི་སེམས་ཁམས་བདེ་ཐང་ཡོང་མིན་གཙོ་བོར་ཕ་མ་དང་དགེ་རྒན་རྣམས་ཀྱིས་ཁོར་ཡུག་བསྐྲུན་སྟངས་ལ་གནད་འགག་ཐུག་གི་ཡོད་པ་མཐོང་སྟེ། གཞིས་ཆགས་ཁག་གི་ཕ་མ་ཁྱོན་གྲངས་ ༢༠༧ ངོས་ནས་རང་རེའི་ཕྲུ་གུར་བཟང་ཕྱོགས་ཀྱིས་གསོ་སྐྱོང་བྱེད་དགོས་པའི་ (Positive Parenting) གོ་རྟོགས་དང་། སཾ་བྷོ་ཊའི་སློབ་གྲྭ་ཁག་གི་དགེ་རྒན་ཁྱོན་གྲངས་ ༣༤ ལ་སེམས་གཅོང་དང་འབྲེལ་བའི་ཕྲུ་གུའི་སེམས་ཁམས་འཕྲོད་བསྟེན་གོང་འཕེལ་གཏོང་ཕྱོགས་ཐོག་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད། ལས་གཞི་འདིར་ཨ་རིའི་རོགས་ཚོགས་
རྒྱ་གར་བྱང་ཤར་ཁུལ་གྱི་བོད་པའི་གཞིས་ཆགས་ཁག་ཏུ་སེམས་ཁམས་འཕྲོད་བསྟེན་གྱི་རྨང་གཞི་ངོ་སྤྲོད་གནང་བ།
གསར་གནས།
འབྲེལ་གནས།