༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༠༦ ཚེས་ ༡༣ རེས་གཟའ་ཟླ་བ་ཉིན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀ་པུར་ (Shri. Kishan Kapoor) མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་མཇལ་འཕྲད་གནང་སྟེ་གནད་དོན་ཁག་གཅིག་གི་སྐོར་བཀའ་མོལ་གནང་ཡོད། སྐབས་དེར་བདེ་སྲུང་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་དོན་གྲུབ་ལགས་དང་། ཟུང་དྲུང་བསྟན་འཛིན་དོན་ལྡན་ལགས། ཟུང་དྲུང་ཉི་མ་ཚེ་རིང་ལགས་བཅས་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།